རྒྱ་གར་ནས་བོད་བར་ཞི་བའི་གོམ་བགྲོད་ཀྱི་གནས་སྟངས་སྐོར།

བོད་བར་གོམ་བགྲོད་ཀྱི་ལས་འགུལ་སྣེ་ཁྲིད་གནང་མཁན་ཚོགས་པ་ལྔའི་འགོ་འཁྲིད་རྣམས་ཧཱ་རི་རྡི་ཝར་རྫོང་གི་བཙོན་ཁང་དུ་གནས་སྤོས་བྱས་འདུག

2008.05.30

༄༅༎བཙན་བྱོལ་ནང་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་གོ་སྒྲིག་གནང་བའི་རྒྱ་གར་ནས་བོད་ནང་གོམ་བགྲོད་ཀྱི་ལས་འགུལ་དེ་བཞིན་ཕྱི་ཟླ་གསུམ་པའི་ཚེས་ ༡༠ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་འགོ་འཛུགས་གནང་སྟེ་། ད་ལྟ་གོམ་བགྲོད་ནང་མཉམ་བཞུགས་གནང་མཁན་མི་གྲངས་༣༠༠ལྷག་ཙམ་ཡོད་པ་རྣམས་ རྒྱ་གར་གྱི་ནུབ་ཕྱོགས་ཨུ་ཊ་རན་ཅཱལ་མངའ་སྡེའི་པི་ཐོ་གར་རྫོང་ཁོང་གི་སྦན་སི་པ་ཊན་ས་གནས་སུ་འབྱོར་ཡོད་པ་དང༌། ཡིན་ནའང་གོམ་བགྲོད་སྣེ་ཁྲིད་གནང་མཁན་གྱི་ཚོགས་པ་ལྔའི་འགོ་འཁྲིད་རྣམས་རྒྱ་གར་ས་གནས་ཉེན་རྟོག་པས་འཛིན་བཟུང་དོ་དམ་བཀག་ཉར་འོག་བཞག་ཡོད་པ་དང་། ཁོང་རྣམས་འཛིན་བཟུང་བཀག་ཉར་བྱེད་ས་ཨུ་ཊ་རན་ཅཱལ་མངའ་སྡེའི་ཨཱལ་མོ་རྭ་རྫོང་གི་ཧལ་རྡི་ཝ་ནི་ཉེན་རྟོག་ལས་ཁང་ནས་དེ་རིང་ཧཱ་རི་རྡི་ཝར་རྫོང་གི་རཱོ་ཤ་ན་སྦའ་རྡེ་ས་གནས་བཙོན་ཁང་དུ་གནས་སྤོས་བྱས་ཡོད་འདུག ཧཱ་རི་རྡི་ཝར་ས་གནས་ནང་ཡོད་པའི་རྒྱ་གར་མི་མང་ཚོས་གོམ་བགྲོད་གནང་མཁན་བོད་མི་ཚོར་དགའ་བསུའི་རྣམ་འགྱུར་ཤུགས་ཆེ་བཏོན་གྱི་ཡོད་པ་དང༌། ཡིན་ནའང་རྒྱ་གར་ཉེན་རྟོག་པས་ས་གནས་རྒྱ་གར་མི་མང་ཚོར་བོད་མིའི་ཞི་བའི་གོམ་བགྲོད་ལས་འགུལ་དེར་ངོ་རྒོལ་གྱི་རྣམ་འགྱུར་བཏོན་དགོས་པའི་སྐུལ་མ་བྱས་ཡོད་ཀྱང༌། རྒྱ་གར་ཡུལ་མི་རྣམས་ལ་བོད་དོན་ལས་འགུལ་གསལ་བཤད་གནང་རྗེས་ཡུལ་མི་ཚོས་འདོད་བློ་ཚིམས་པ་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་ཡོད་པའི་སྐོར་གོམ་བགྲོད་ལས་འགུལ་སྤེལ་གནང་མཁན་གྱིས་འགྲེལ་བརྗོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎