ཧོང་ཀོང་ནང་མི་མང་སྟོིང་ཕྲག་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ།


2019.01.01
ཧོང་ཀོང་ནང་མི་མང་སྟོིང་ཕྲག་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ། ཧོང་ཀོང་ནང་མི་མང་སྟོིང་ཕྲག་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ།
Photo: RFA

༄༅༎ ཧོང་ཀོང་ནང་མི་མང་སྟོིང་ཕྲག་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་ཧོང་ཀོང་ལ་དམངས་གཙོ་ཆ་ཚང་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དགོས་པའི་དགོས་འདུན་བཏོན་པ་མ་ཟད། ཁག་གཅིག་གིས་ཧོང་ཀོང་ལ་རང་བཙན་དགོས་པའི་དགོས་འདུན་བཏོན་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་རྒྱ་ནག་གཞུང་གིས་ ༢༠༡༨ ལོའི་ནང་ཧོང་ཀོང་ནང་དམ་དྲག་དང་མནར་གཅོད་ཤུགས་ཆེ་བྱས་པར་བརྟེན། རེས་གཟའ་མིག་མར་ཏེ་ ༢༠༡༩ ཟླ་ ༡ ཚེས་༡ ཉིན་ཧོང་ཀོང་ནང་མི་མང་སྟོིང་ཕྲག་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་ ༢༠༡༩ ལོའི་ཕྱི་ལོའི་ལོ་གསར་ཚེས་ ༡ ཉིན་ཧོང་ཀོང་གི་མི་མང་སྟོང་ཕྲག་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེའི་ནང་མི་གྲངས་ ༥༨༠༠ ཙམ་གྱིས་མཉམ་ཞུགས་ཀྱིས་དམངས་གཙོའི་བཅོས་བསྒྱུར་དགོས་པ་དང༌། པེ་ཅིང་གཞུང་གིས་ཆབ་སྲིད་ཀྱིས་དྲག་གནོན་ལ་འཐབ་རྩོད་བྱེད་དགོས་ཞེས་པ་སོགས་ཀྱི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌། ངོ་རྒོལ་བྱེད་མཁན་གྱི་གྲས་སུ་བཙོན་འཇུག་འོག་ཏུ་བསྡད་མྱོང་བའི་ཧོང་ཀོང་གྱི་རང་བཙན་ཚོགས་པའི་དོན་གཉེར་བ་དང་ནུབ་ཕྱོགས་ཀྱི་གསར་འགོད་པ། ས་གནས་ཀྱི་འོས་བསྡུའི་ནང་ཞུགས་རྒྱུར་དམ་དྲག་བྱས་པའི་དམངས་གཙོ་དོན་གཉེར་བ་སོགས་ཀྱིས་ཀྱང་མཉམ་ཞུགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག རྩ་བའི་ཧོང་ཀོང་དེ་བཞིན་ཕྱི་ལོ་ ༡༩༩༧ ལ་དབྱིན་ཇིའི་འོག་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་ཀྱང་། རྒྱ་ནག་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་སྲིད་བྱུས་འོག་རྒྱ་ནག་གིས་ཧོང་ཀོང་ལ་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། གསར་འགོད་པ་ཚེ་དབང་ནོར་བུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎