ཨ་རིའི་ས་གནས་༢༤ཙམ་དུ་གསུམ་བཅུའི་དུས་དྲན་སྲུང་བརྩི།

བྱང་ཨ་རིའི་ས་གནས་ཁག་༢༤ཙམ་ནང་གནས་སྡོད་གནང་མཁན་བོད་མི་ཚོས་གསུམ་བཅུའི་དུས་དྲན་ཆེད་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་བ།

2012.03.12

༄༅༎གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནང་བའི་གནས་ཚུལ་ནང༌། ད་ལོའི་གསུམ་བཅུའི་དུས་དྲན་ཐེངས་༥༣ཉིན་ བྱང་ཨ་རིའི་ས་གནས་ཁག་༢༤ཙམ་ནང་གནས་སྡོད་གནང་མཁན་བོད་མི་ཚོས་ རང་རང་གནས་ཡུལ་ས་གནས་སུ་བརྗེད་པར་དཀའ་བའི་གལ་ཆེའི་ལོ་རྒྱུས་ཀྱི་ཉི་མོ་དེར་དྲན་གསོའི་ཆེད་འདུ་འཛོམས་ཀྱིས་ལས་འགུལ་གཞི་རྒྱ་ཆེ་ཆུང་སྣ་ཚོགས་ཤིག་སྤེལ་གནང་འདུག།
གཙོ་བོ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཐུན་མོང་ནས་ ཕྱི་ཟླ་༣ཚེས་༡༠ཉིན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་དུ་གསུམ་བཅུའི་དུས་དྲན་ཐེངས་༥༣པ་དྲན་གསོའི་མཛད་སྒོ་ཚུགས་གནང་ཡོད་པར། ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང༌། བྱང་ཨ་རིའི་སྤྱི་འཐུས་བཀྲིས་རྣམ་རྒྱལ་ལགས་ཀྱིས་དབུས་སེར་སྐྱང་མང་ཚོགས་དང༌། བོད་ལ་རྒྱབ་སྐྱོར་གནང་མཁན་ཕྱི་རྒྱལ་བ། མཉམ་སྦྲེལ་རྒྱལ་ཚོགས་མདུན་དུས་ཚོད་ངེས་མེད་བར་ཟས་བཅད་ངོ་རྒོལ་གནང་བཞིན་པའི་ལྷག་བསམ་ཅན་གྱི་བོད་མི་གསུམ་བཅས་ཁྱོན་མི་གྲངས་༣༠༠༠བརྒལ་བ་མཉམ་ཞུགས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎