བལ་ཡུལ་གྱི་སྲིད་གཞུང་འགྱུར་བ་གཏོང་རྒྱུ་དུས་ལ་བབས་མེད་ལུཌ།
2009.03.01
༄༅༎བལ་ཡུལ་གྱི་མའོ་དམར་ཤོག་ཚོགས་པའི་བཟུང་བའི་སྲིད་གཞུང་ལ་སྒྱུར་བ་བཏང་སྟེ་སྲིད་དོན་ཚོགས་པ་གཞན་ཞིག་ལ་སྲིད་དབང་བཀུར་རྒྱུའི་གདམ་ག་གཉིས་པ་ཞིག་གཏང་རྒྱུའི་དུས་ལ་བབས་མེད་ལུགས་བལ་ཡུལ་གྱི་སི་པི་ཨེན་དམར་ཤོག་ཚོགས་པའི་འགོ་ཁྲིད་མ་ཧ་རྡེལྦན་ཀུ་མའར་ནེ་པལ་གྱིས་གསུངས་གནང་འདུག
འདས་པའི་ལས་རྒྱུན་རིང་བལ་ཡུལ་གྱི་མའོ་དམར་ཤོག་ཚོགས་པས་བཟུང་བའི་སྲིད་གཞུང་གིས་ནོར་འཁྲུལ་མང་པོ་བཏང་ཡོད་ཀྱང་ང་ཚོས་བལ་ཡུལ་གྱི་སྲིད་གཞུང་བཟུང་མཁན་སྲིད་དོན་ཚོགས་པ་གཞན་ཞིག་ལ་སྲིད་དབང་བཟུང་རྒྱུའི་གོ་སྐབས་སྤྲོད་རྒྱུའི་གདམ་ག་གཏང་རྒྱུར་བྲེལ་ཚུབ་བྱེད་མི་རུང་བ་ཡིན་ཞེས་མ་ཧ་རྡེལྦ་ཀུ་མའར་ནེ་པལ་གྱིས་གསུངས་གནང་འདུག
བལ་ཡུལ་གྱི་མའོ་དམར་ཤོག་ཚོགས་པའི་བཟུང་བའི་སྲིད་གཞུང་གིས་ལས་དོན་བྱེད་ཕྱོགས་ལ་ཡིད་མ་རངས་པའི་གནད་དོན་མང་པོ་ཡོད་ཀྱང་མའོ་དམར་ཤོག་ཚོགས་པས་ལས་དོན་བྱེད་ཕྱོགས་ལ་ཡར་རྒྱས་གཏོང་བའི་རེ་སྒུག་བྱེད་བཞིན་ཡོད་ལུགས་ཁོང་གིས་མུ་མཐུད་གསུངས་གནང་འདུག
ལྷག་པར་དུ་ཉེ་ལམ་བལ་ཡུལ་གྱི་སྲིད་བློན་པུཤི་པ་ཀུ་མའར་རྡ་ཧལ་ལྷན་དུ་སྲིད་དོན་ཚོགས་པའི་འགོ་ཁྲིད་ཁག་ཅིག་ལྷན་ཚོགས་གནང་སྐབས་སྲིད་བློན་གྱིས་འབྱུང་འགྱུར་ལས་དོན་གནང་ཕྱོགས་ཐད་ཡར་རྒྱས་གང་ཐུབ་གཏང་རྒྱུའི་ཞལ་བཞེས་གནང་ཡོད་པ་ལྟར་ཡར་རྒྱས་མ་ཕྱིན་ན་མའོ་དམར་ཤོག་ཚོགས་པ་དང་སྲིད་དོན་ཚོགས་པ་གཞན་བར་འབྲེལ་ལམ་ཇེ་སྡུག་འགྲོ་ཉེན་ཡོད་ལུགས་ཁོང་གིས་ཉེན་བརྡ་བཏང་གནང་འདུག།