བལ་ཡུལ་མའོ་ཚོགས་པས་སླར་ཡང་མི་མང་གི་ལས་འགུལ་སྤེལ་རྒྱུ།

མའོ་དམར་ཤོག་ཚོགས་པའི་འགོ་ཁྲིད་པཱར་ཅན་རྡ་ཡིས་བལ་ཡུལ་ནང་སླར་ཡང་གཞི་རྒྱ་ཆེ་བའི་མི་མང་གི་ལས་འགུལ་གསུམ་པ་ཞིག་སྤེལ་འཆར།

2009.06.21

༄༅༎མའོ་དམར་ཤོག་ཚོགས་པའི་འགོ་ཁྲིད་པཱར་ཅན་རྡ་ཡིས་བལ་ཡུལ་ནང་སླར་ཡང་གཞི་རྒྱ་ཆེ་བའི་མི་མང་གི་ལས་འགུལ་གསུམ་པ་ཞིག་སྤེལ་འཆར་ཡོད་ལུགས་རེས་གཟའ་ཉི་མའི་ཉིན་གསར་འགོད་པར་གསུངས་གནང་འདུག

དེ་ཡང་རྒྱལ་ཞེན་ཅན་དང་མི་རིགས་རིང་ལུགས་པའི་སྟོབས་ཤུགས།ཞི་བའི་སྤྱི་ཚོགས་བཅས་ཀྱིས་འཐབ་ཕྱོགས་གཅིག་གྱུར་ཐོག་ནས་ལས་འགུལ་སྤེལ་རྒྱུ་ཡིན་པ་དང་རྒྱལ་ཞེན་ལ་འགོག་རྒོལ་བ་དང་སྐབས་འཚོལ་བ།གསར་བརྗེར་ངོ་ལོག་པ་བཅས་རྩ་མེད་གཏང་རྒྱུའི་གསར་བརྗེའི་ལས་འགུལ་ཞིག་ཆགས་ཀྱི་ཡོད་ལུགས་མའོ་དམར་ཤོག་ཚོགས་པའི་འགོ་ཁྲིད་པཱར་ཅན་རྡ་ཡིས་འགྲེལ་བརྗོད་གནང་འདུག

ད་ཡོད་སི་པི་ཨེན་དམར་ཤོག་ཚོགས་པའི་དབུ་ཁྲིད་པའི་མནའ་འབྲེལ་སྲིད་གཞུང་ནི་ཕྱི་རྒྱལ་མངའ་བདག་གིས་བཀའ་བཀོད་འོག་བཙུགས་པའི་སྲིད་གཞུང་ཡིན་པའི་སྐྱོན་བརྗོད་གནང་བ་དང་སྦྲགས་བལ་ཡུལ་མི་མང་རྣམས་ད་ཡོད་སྲིད་གཞུང་གིས་བྲན་གཡོག་ཏུ་བཀོལ་རྒྱུ་མ་ཟད་མང་གཙོའི་ལམ་སྲོལ་དང་རྩ་ཁྲིམས་གསར་བཟོའི་ལས་དོན་ལ་འཐུས་ཤོར་ཡོང་ངེས་ཡིན་ལུགས་སོགས་པཱར་ཅན་རྡ་ཡིས་སྐྱོན་བརྗོད་དྲག་པོ་གནང་འདུག

ལྷག་པར་དུ་ད་ཡོད་སི་པི་ཨེན་སྲིད་གཞུང་གིས་མི་མང་གིས་ཐད་ཀར་འོས་འདེམས་གནང་བའི་རྩ་ཁྲིམས་གསར་བཟོའི་འཐུས་མིའི་ལྷན་ཚོགས་རྩ་མེད་བཟོ་རྒྱུའི་ངན་བྱུས་འདིང་གི་ཡོད་ལུགས་པཱར་ཅན་རྡ་ཡིས་སྐྱོན་བརྗོད་མུ་མཐུད་གནང་འདུག འདི་ལོ་ཕྱི་ཟླ་ལྔ་པའི་ཚེས་བཞི་ཉིན་སི་པི་ཨེན་དམར་ཤོག་ཚོགས་པས་མའོ་དམར་ཤོག་ཚོགས་པའི་སྲིད་གཞུང་ལ་རྒྱབ་སྐྱོར་ཕྱིར་འཐེན་གནང་བར་བརྟེན་མའོ་དམར་ཤོག་ཚོགས་པའི་སྲིད་གཞུང་གནས་ཐུབ་མེད་ཅིང་མའོ་དམར་ཤོག་ཚོགས་པའི་འགོ་ཁྲིད་པཱར་ཅན་རྡ་སྲིད་བློན་ལས་གནས་ནས་དགོངས་ཞུ་མི་གནང་མཐུ་མེད་དུ་འགྱུར་པ་རེད། སྲིད་བློན་ལས་གནས་ཤོར་བ་ནས་བཟུང་མའོ་དམར་ཤོག་ཚོགས་པའི་འགོ་ཁྲིད་པཱར་ཅན་རྡ་ཡིས་ད་བར་སི་པི་ཨེན་དམར་ཤོག་ཚོགས་པར་སྐྱོན་བརྗོད་ཕྱོགས་གང་ས་ནས་མུ་མཐུད་བྱས་དང་བྱེད་བཞིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎