རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུ་སྐོར།

རྒྱ་གར་གྲོས་ཚོགས་ཀྱི་འོས་བསྡུའི་ནང་ཀོང་རེ་སི་ཚོགས་པར་རྒྱལ་ཁ་ཐོབ་ན་སྲིད་བློན་མན་མོ་ཧན་སིང་མཆོག་མུ་མཐུད་སྲིད་བློན་གནང་རྒྱུའི་སྐོར།

2009.03.24

༄༅༎རྒྱ་གར་གྱི་གཞུང་འཛིན་ཀོང་རེ་སི་ཚོགས་པས་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་ན་སྲིད་བློན་མན་མོ་ཧན་སིང་མཆོག་གིས་སྲིད་བློན་མུ་མཐུད་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།

ཀོང་རེ་སི་ཚོགས་པའི་ཚོགས་གཙོ་སོ་ནི་ཡ་གན་རྡི་མཆོག་གིས་ཚོགས་པའི་འོས་བསྡུའི་བསྒྲགས་གཏམ་དེ་ཕྱིར་བཏོན་གནང་སྐབས་གསར་འགོད་པར་རང་ཉིད་ཀྱི་སྲས་ར་ཧུལ་གན་རྡི་ཡིས་མན་མོ་ཧན་སིང་མཆོག་གི་ཚབ་གནང་རྒྱུའི་མཆལ་གཏམ་དེ་བདེན་པ་མིན་སྐོར་གསལ་བཤད་གནང་ཡོད་པ་རེད། དེའི་བར་མན་མོ་ཧན་སིང་མཆོག་གིས་རང་ཉིད་སྲིད་བློན་གནང་སྐབས་ཡུལ་གྱི་དཔལ་འབྱོར་དང་ཕྱི་སྲིད་ཐོག་གྲུབ་འབྲས་ཇི་སོན་ཁག་གསལ་བསྒྲགས་དང་འབྲེལ་ཕྱོགས་འགལ་ཚོགས་པ་གཙོ་བོ་སྦི་ཇེ་པི་ཡིས་ཡུལ་གྱི་ཧིན་རྡུ་དང་ཁ་ཆེའི་བར་འཁོན་འཁྲུགས་བསླང་རྒྱུའི་ལས་དོན་སྤེལ་གྱི་ཡོད་པའི་སྐྱོན་བརྗོད་གནང་འདུག ཁོང་གིས་ཉེ་ལམ་སྦི་ཇེ་པི་ཚོགས་པས་ཡུལ་གྱི་ཁ་ཆེའི་མི་སེར་ལ་སྡིགས་བསྐུལ་བྱེད་མཁན་ལྦ་རན་གན་རྡི་ལ་རྒྱབ་བསྐྱོར་བྱེད་བབས་དེས་ཚོགས་པ་དེས་ཡུལ་གྱི་མི་སེར་རྣམས་དུམ་བུར་གཏང་རྒྱུའི་འཆར་གཞི་ཡོད་སྐོར་སྐྱོན་བརྗོད་གནང་འདུག ཡང་ཁོང་གིས་དེ་སྔོན་སྦི་ཇེ་པི་ཚོགས་པའི་དབུ་འཁྲིད་ཨེལ་ཀེ་ཨརྡ་ལྦ་ནི་ཁ་ཆེའི་ལྷ་ཁང་ཞིག་གཏོང་བཤིག་བཏང་བའི་དོན་རྐྱེན་དེ་དང་ཡུལ་གྱི་ནུབ་ཕྱོགས་གུཇ་རཏ་མངའ་སྡེའི་ནང་ཁ་ཆེ་མང་པོ་ཞིག་ལ་སྲོག་སྐྱོན་བྱུང་བའི་དོན་རྐྱེན་ཐོག་འབྲེལ་བ་ཡོད་སྐོར་སྐྱོན་བརྗོད་གནང་ཡོད་པ་རེད། གནད་དོན་དབྱེ་ཞིབ་གནང་མཁན་རྣམས་ཀྱིས་ད་ཐེངས་ཀྱི་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་དེར་ཚོགས་པའི་ཆེ་ཁག་ཀོང་རེ་སི་དང་སྦི་ཇེ་པི་ཚོགས་པ་གཉིས་ཀའི་དགེ་སྐྱོན་གང་ཞིག་གི་གནས་བབས་ཀྱིས་ཚོགས་པ་གཉིས་ཀར་རྒྱལ་ཁ་ཆེན་པོ་ཐོབ་དཀའ་བའི་ཚོད་དཔག་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎