མ་ཎི་ཡིག་དྲུག་རྡོ་བཅལ་དུ་བཀོད་པ་ངོས་ལེན་དང་ཕྱིར་བསྡུ།
2015.10.06

ཟི་ལིང་གྲོང་ཁྱེར་གྱི་སྲང་ལམ་ཞིག་ཏུ་མ་ཎི་ཡིག་དྲུག་རྡོ་བཅལ་དུ་བཀོད་ཡོད་པ་དེ་ནོར་འཁྲུལ་ངོས་ལེན་གྱིས་ཕྱིར་བསྡུ་བྱས་ཡོད་འདུག
དེ་ཡང་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་གྱི་ཝན་ཏ་ཐང་ཆེན་ཞེས་པ་དེའི་ཐང་དུ་བཏིང་ཡོད་པའི་རྡོ་བཅལ་ཐོག་མ་ཎི་ཡིག་དྲུག་བཀོད་ཡོད་པར་། ས་གནས་བོད་མི་ཚོས་མཐོང་མ་ཐག་སྤྱི་ཚོཊ་བརྒྱུད་ལམ་ཁག་ཏུ། དེ་ནི་བོད་པའི་ནང་ཆོས་ཀྱི་སྲོལ་རྒྱུན་ལ་བརྩི་བཀུར་མ་བྱས་ཞིག་ཡིན་པའི་སྐྱོན་བརྗོད་ཤུཊ་ཆེར་བྱུང་མུས་ཡིན་པའི་སྐབས་འདིར་ཝན་ཏ་ཐང་ཆེན་བཟོ་བསྐྲུན་ལས་ཁང་གིས་ཟླ་འདིའི་ཚེས་༦ཉིན་གསལ་བསྒྲཊ་ཤིག་སྤེལ་ནས་དགོངས་དག་ཞུས་འདུག གསལ་བསྒྲགས་དེའི་ནང་དུ་། ད་ལྟ་བཟོ་བསྐྲུན་བྱེད་བཞིན་ཡོད་པའི་ཐང་ཆེན་དེའི་བཟོ་བཀོད་ཁྲོད་དུ་ས་གནས་ཀྱི་རིག་གཞུང་མཚོན་པ་བྱ་ཆེད་རྡོ་བཅལ་ལ་རྒྱན་སྤྲས་བྱས་པ་ཞིག་ཡིན་ཀྱང་། ས་གནས་ཡུལ་མིའི་རིག་གཞུང་རྒྱུས་ལོན་མེད་པའི་དབང་གིས་འཛུགས་བསྐྲུན་ཁྲོད་འོས་འཚམས་མ་ཡིན་པའི་རྒྱུ་ཆ་བེད་སྤྱོད་བཏང་བར་རྟེན་གོ་ལོག་ཐེབས་ཡོད་པས། ད་ལྟ་རྡོ་བཅལ་དེ་དག་ཚང་མ་བཀོག་ཟིན་པ་དང་། བཟོ་ལས་ཁང་གི་ངོས་ནས་དགོངས་དག་ཞུ་གི་ཡོད་ལ། མ་འོངས་བར་གནས་ཚུལ་འདི་ལྟ་བུ་མི་འབྱུང་རྒྱུར་ཁག་ཁུར་བྱ་རྒྱུ་ཡིན་སྐོར་སོཊ་བཀོད་འདུག
རྒྱ་ནག་ནང་དུས་རྒྱུན་ལྷམ་གྱི་ཐོག་སངས་རྒྱས་ཀྱི་སྐུ་འདྲ་དཔར་པའི་གནས་ཚུལ་གྱིས་མཚོན་ནང་ཆོས་ཀྱི་སྲོལ་རྒྱུན་དང་འགལ་བའི་གནས་ཚུལ་འདྲ་མིན་བྱུང་བཞིན་པ་དང་། ནང་བ་ཚོས་དེ་ནི་སངས་རྒྱས་ཆོས་ལ་དམའ་འབེབས་བྱས་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱེད་མུས་ཡིན་ཀྱང་། ད་ལྟ་ཡང་བསྐྱར་གནས་ཚུལ་འདི་ལྟ་བུ་བྱུང་ཡོད་པ་རེད།
གསར་འགོད་པ་རྡོ་རྗེ་འཚོ།