འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཆེད་ཞི་རྒོལ་གློད་བཀྲོལ།

མ་ལེ་ཤི་ཡའི་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་ཆེད་ཞི་རྒོལ་གནང་མཁན་ཞིག་བཙོན་འགྲོལ་བཏང་བའི་གནས་ཚུལ།

2012.04.29

༄༅༎མ་ལེ་ཤི་ཡའི་ནང་རྒྱལ་ཡོངས་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་དགོས་ལུགས་བརྗོད་དེ་གཞུང་ལ་ངོ་རྒོལ་བྱེ་སྐབས་འཛིན་བཟུང་བྱས་པའི་མི་མང་རྣམས་གློད་བཀྲོལ་བྱས་ཡོད་འདུག
རེས་གཟའ་ཉི་མའི་ཉིན་ཡུལ་དེའི་ཉེན་སྲུང་སྤྱི་ཁྱབ་ཀྱི་སྐུ་ཚབ་རམ་ལི་ཡུ་སུཕ་གྱིས་རེས་གཟའ་སྤེན་པའི་ཉིན་ངོ་རྒོལ་སྐབས་འཛིན་བཟུང་བྱས་པའི་ངོ་རྒོལ་བ་༤༧༡ཡོད་པ་རྣམས་ཚང་མ་གློད་བཀྲོལ་བཏང་ཡོད་ལུགས་འགྲེལ་བརྗོད་བྱས་འདུག ངོ་རྒོལ་བའི་གྲས་སུ་ཨན་ལྦར་ཨིབ་ར་ཧིམ་ གྱི་ཁེ་རྡི་ལན་ཚོགས་པའི་ཁྲིམས་བཟོ་བ་ ཐའེན་ཆུ་ཨ་ཡང་ཡོད་འདུག རེས་གཟའ་སྤེན་པའི་ཉིན་རྒྱལ་ས་ཀོ་ལྦ་ལ་ལམ་པུར་གྱི་ཁྲོམ་གཞུང་ནང་ཧ་ཅང་དཀོན་པའི་ངོ་རྒོལ་གྱི་ལས་འགུལ་ནང་ཡུལ་མི་ཁྲི་གསུམ་ཙམ་མཉམ་ཞུགས་བྱས་པ་ཉེན་སྲུང་མི་སྣས་ཚོད་དཔག་བྱས་ཡོད་ཀྱང་ཡུལ་དེའི་རང་དབང་ཅན་གྱི་བརྒྱུད་ལམ་ཁག་གིས་ངོ་རྒོལ་བ་ཁྲི་དྲུག་ཙམ་ཡོད་ལུགས་འགྲེལ་བརྗོད་བྱས་འདུག ཉེན་སྲུང་མི་སྣས་ངོ་རྒོལ་བའི་ཐོག་མིག་ཆུའི་དུག་རླངས་འཕངས་བ་དང་ཉེས་རྡུང་བཏང་བ་མ་ཟད་ངོ་རྒོལ་བ་བརྒྱ་ཕྲག་མང་པོ་འཛིན་བཟུང་བྱས་ཡོད་རེད། ཉེས་རྡུང་ཕོག་པའི་གྲས་སུ་གསར་འགོད་པ་གཉིས་པ་དང་།དཔར་པ་ཞིག་ཀྱང་ཡོད་འདུག མི་ལེ་ཤི་ཡའི་རང་དབང་ཅན་གྱི་གསར་འགོད་ལྷན་ཚོགས་ཀྱིས་མི་མང་གི་ཞི་རྒོལ་ལ་དྲག་གནོན་བྱས་པར་སྐྱོན་བརྗོད་དང་སྦྲགས་སྲིད་བློན་ན་ཇིབ་ར་ཛཀ་གིས་འཕྲལ་དུ་ཞིབ་འཇུག་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག།  སྲིད་བློན་གྱིས་རྒྱལ་ཡོངས་འོས་བསྡུ་སྔ་ནུར་བཏང་ནས་འདི་ལོ་ཕྱི་ཟླ་དྲུག་པའི་འོས་བསྡུར་གནང་རྩིས་ཡོད་ཀྱང་ངོ་རྒོལ་བ་ཚོས་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་མ་བྱས་བར་དུ་འོས་བསྡུ་ཕྱི་བཤོལ་དགོས་ལུགས་བརྗོད་བཞིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎