རྒྱ་ནག་གི་ཆབ་སྲིད་བསྒྱུར་བཅོས་ཀྱི་མངོན་འདོད་ལ་ཤུགས་སྣོན།
2010.10.14
༄༅༎རྒྱ་ནག་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་རྒྱ་ནག་གི་ཆབ་སྲིད་བཅོས་བསྒྱུར་གཏོང་དགོས་པའི་མང་གཙོའི་མངོན་འདོད་ཐོག་ཤུགས་སྣོན་ཐེབས་བཞིན་པ་རེད་ཅེས་ཧོང་ཀོང་ནས་འགྲེམས་སྤེལ་བྱས་པའི་རྒྱ་ནག་ལྷོ་ཕྱོགས་ཀྱི་སྔ་དྲོའི་ཕ་ཉ་ཞེས་པའི་གསར་ཤོག་གིས་དེ་རིང་གནས་ཚུལ་སྤེལ་ཡོད་པ་རེད་
རྒྱ་ནག་གི་ཆབ་སྲིད་ངོ་བོ་མང་གཙོའི་ཕྱོགས་སུ་བཅོས་བསྒྱུར་གཏོང་དགོས་པའི་འབོད་སྒྲ་ཐོན་གསར་དེ་བཞིན་སང་ཉིན་སྐོང་འཚོགས་གནང་རྒྱུའི་རྒྱ་ནག་གི་གུང་བྲན་ཚོགས་པའི་ཚོགས་འདུ་ལྔ་པ་ཚོགས་རྒྱུའི་སྔ་ནུབ་ཏུ་བཏོན་ཡོད་པ་དང་ རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་མཆོག་གིས་ཀྱང་རྒྱ་ནག་ནང་མང་གཙོའི་བཅོས་བསྒྱུར་གཏོང་དགོས་པའི་ཐད་དེ་སྔ་ཐེངས་མང་གསུང་གནང་བར་མཇུག་མཐུད་བྱས་པ་ཞིག་ཡིན་པ་རེད་ རྒྱ་ནག་ནང་གི་གཞུང་འབྲེལ་གསར་ཤོག་ཁག་གི་ཁོངས་ནས་དཔེར་ན་ཤའོ་ཤའང་སྔ་དྲོའི་ཕོ་ཉ་ཞེས་པ་དང་དེང་དུས་ཀྱི་བང་ཆེན་ཞེས་པས་ སྲིད་བློན་ལྦེན་ཅ་པའོས་ཆབ་སྲིད་བཅོས་བསྒྱུར་གཏོང་དགོས་སྐོར་གཏམ་ཤད་གནང་བ་དང་ གཏམ་བཤད་དེ་ཚོའི་ཐོག་ལ་དཔྱད་གཏམ་སྤེལ་བའི་རིགས་གསལ་བཀོད་བྱས་ཡོད་པ་རེད་ལ་ གསར་ཤོག་དེ་ཚོ་རྒྱ་ནག་ནང་ཉིན་ལྟར་ས་ཡ་གཅིག་དང་ཕྱེད་ཙམ་འགྲེམས་སྤེལ་བྱས་དང་བྱེད་མུས་ཡིན་པ་རེད་
སང་ཉིན་རྒྱ་ནག་གི་དམར་ཤོག་ཚོགས་པའི་སྐབས་བཅུ་བདུན་གྱི་ཚོགས་འདུ་ལྔ་པ་འཚོགས་སྐབས་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཧུའུ་ཇིན་ཏའོ་མཆོག་དབུ་བཞུགས་ཐོག་རྒྱ་ནག་གི་མ་འོངས་པའི་ལོ་ལྔ་རེའི་འཆར་གཞི་ཐེངས་༡༢པའི་ནང་གི་གྲོས་གཞིའི་ཁོངས་ནས་སྤྱི་ཚོགས་དང་ དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་ཐབས་བྱུས་ཐད་ལ་བསམ་འཆར་ཇི་བྱུང་ཐོག་ཞིབ་འཇུག་གནང་རྒྱུ་ཡིན་པ་རེད།