ཟམ་གདོང་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ།

2021.12.24
ཟམ་གདོང་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ།
Photo: RFA

ཕྱི་ཚེས་ ༢༣ ཉིན་ཝཱ་ཎ་སློབ་ཟུར་ཚོགས་པས་བཞུགས་སྒར་དུ་བརྟེན་གཞི་གནང་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ལ་རྒྱལ་དང་ཕུར་བུའི་འགྲུབ་སྦྱོར་། སྐུའི་བླ་གཟའ་བཅས་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་བརྟན་བཞུགས་བསྟར་འབུལ་ཞུས་གནང་འདུག    ༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ལ་ད་ཐེངས་ཝཱ་ཎ་སློབ་ཟུར་ཚོགས་པས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་བརྒྱུད་རིམས་སྐོར་སློབ་ཟུར་ཚོགས་པའི་ཚོགས་གཙོ་དང་ཝཱ་ཎ་དགེ་ལུགས་རང་གཞུང་གི་སློབ་དཔོན་གཞོན་པ་དགེ་བཤེས་ངག་དབང་བསྟན་འཕེལ་ལགས་ཀྱིས་འགྲེལ་བརྗོད་གནང་

བའི་སྐབས་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ལ་ད་ཐེངས་ཀྱི་བརྟན་བཞུགས་དེ་འབུལ་རྒྱུར་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་འཁྲོལ་ཐོབ་པ་ཞིག་ཡིན་པའི་སྐོར་དགེ་བཤེས་ངག་དབང་བསྟན་འཕེལ་ལགས་ཀྱིས་ངོ་སྤྲོད་གནང་བ་དང་ཆབས་ཅིག་ད་ཐེངས་ཀྱི་བརྟན་བཞུགས་དེར་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་ཝཱ་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཟུར་བ་མང་པོ་ཞིག་ཆེད་བཅར་ཞུ་འདོད་ཡོད་ནའང་དེང་སྐབས་ཀྱི་ཏོག་དབྱིབས་ནད་ཡམས་དེས་རྐྱེན་པས་རྒྱ་གར་དུ་ཡོད་པའི་ས་གནས་ཁག་གི་སློབ་ཟུར་བའི་འབྲེལ་མཐུད་པ་རེ་རེ་དང་ཚོགས་པའི་རྒྱུན་ལས་དང་བཞུགས་སྒར་ཁུལ་གནས་སྡོད་སློབ་ཟུར་བ་རྣམས་ཆེད་བཅར་ཞུས་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་གསུང་གི་འདུག

ད་ཐེངས་ཀྱི་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཝཱ་ཎ་སློབ་ཟུར་ཚོགས་པའི་བརྟན་བཞུགས་དེར་ཁྱོན་སློབ་ཟུར་བ་མི་གྲངས་ལྔ་བཅུ་ལྔ་གྲངས་ཤིག་ཆེད་བཅར་ཞུ་ཐུབ་པ་བྱུང་ཡོད་པ་རེད་འདུག

བརྟན་བཞུགས་དེ་སྒྲུབ་པའི་རྗེས་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བརྟན་བཞུགས་སུ་བཅར་མཁན་རྣམས་ལ་བླང་དོར་གྱི་བཀའ་སློབ་དང་གང་ཉིད་ཐུགས་མགྱེས་འཚོར་ཆེན་པོ་བྱུང་བའི་སྐོར་བཀའ་གནང་ཡོད་པ་རེད།

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎