བོད་མི་ཞིག་གིས་སེ་ཡ་ཊལ་གྲོང་ཁྱེར་ནང་ཐོག་ཁང་མཐོ་ཤོས་བསྐྲུན་རྒྱུ།


2014.08.21
ས་ཁང་ཚོང་གཉེར་བ་བོད་མི་བློ་བཟང་དར་རྒྱས། ས་ཁང་ཚོང་གཉེར་བ་བོད་མི་བློ་བཟང་དར་རྒྱས།
དྲ་བཤུས BJ

བློ་བཟང་དར་རྒྱས་ཀྱིས་ཨ་རིའི་མངའ་སྡེ་ཝ་ཤིན་ཀྲོན་གྱི་གྲོང་ཁྱེར་སི་ཡ་ཊལ་ལ་ཐོག་ཁང་མཐོ་ཤོས་དེ་འཛུགས་སྐྲུན་བྱེད་ཀྱི་ཡོད་འདུག
དེ་སྔ་གྲ་པ་དང་། ཕྱི་སུ་ཊེ་ཎེ་སེ་Tennisརྩེད་འགྲན་པ་ཡོངས་གྲགས་ཅན་ཨནྡེརེ་ཨ་གྷ་སི་Andre Agassiཡི་སྲིང་མོའི་མག་པར་གྱུར་བ་བློ་བཟང་དར་རྒྱས་ལགས་ད་ཆ་སེ་ཡ་ཊལ་གྱི་ཁྲོང་ཁྱེར་གྱི་ཁང་པ་ཚོང་གཉེར་མཁན་ཆེ་གྲས་ཤིག་ཡིན་པའི་རྣམ་པར་རིང་མིན་ཁོང་གིས་ཨ་སྒོར་ས་ཡ་༡༩༠གནས་པའི་མགྲོན་ཁང་དང་སྡོད་ཁང་ཐོག་རྩེགས་༤༡བྱས་པ་ཞིག་དང་། དེ་མིན་ཁང་མིག་༨༨དང་། ཁང་མིག་༥༠༥བྱས་པའི་ཁང་པ་གསར་རྒྱག་གནང་གི་ཡོད་འདུག དེར་བརྟེན་རང་ལོ་༤༠ལ་ཕེབས་པའི་བློ་བཟང་དར་རྒྱས་ལགས་ས་ཁང་ཚོང་གཉེར་མཁན་ཀུན་གྱིས་དམིགས་བསལ་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད་མ་ཟད། དོ་བདག་རང་ཉིད་ཀྱིས་ངའི་ལོ་རྒྱུས་དེ་གྲྭ་ལོག་ཁང་ཚོང་པའི་སྒྲུང་ཞིག་མ་ཡིན་པར་ས་ཁང་ཚོང་པ་དང་ཕྱི་མི་གཞིས་སྤོས་བ་ཞིག་གི་ལོ་རྒྱུས་ཤིག་ཆགས་རྒྱུའི་རེ་གནང་གི་ཡོད་འདུག བློ་བཟང་དར་རྒྱས་ལགས་ཀྱིས། མང་ཚོགས་ཀྱིས་ཉོ་ཐུབ་པའི་ཁང་པ་ཁམས་བཟང་འཛུགས་སྐྲུན་བྱ་རྒྱུ་ནི་ས་ཁང་ཚོང་སྒྱུར་གྱི་དམིགས་ཡུལ་རེད་ཅེས་འགྲེལ་བརྗོད་གནང་ཡོད་ལུགས་སི་ཡ་ཊན་ཚོང་དོན་སྙན་དེབ་པུ་གྷེཊེ་སའོནྜི་ ཇོརྣལ་Puget Sound Journalགྱིས་ལུང་འདྲེན་བྱས་ཡོད་པ་དེ་ལྟར་ཡང་བློ་བཟང་དར་རྒྱས་ལགས་ནང་པ་དང་གྲ་པ་སྐྱ་ཕབ་པ་ཞིག་ཡིན་པའི་ཆ་ནས་ཚོང་ལས་ནང་ཆོས་དད་ཀྱི་ཤུགས་རྐྱེན་ཡོད་པའི་རྣམ་པ་གསལ་སྟོན་ཆེད་ཁོང་གིས་ཨར་ལས་འཛུགས་སྐྲུན་འགོ་འཛུགས་མ་བྱས་གོང་ནང་པའི་སྲོལ་རྒྱུན་ས་གཞི་འདུལ་སྦྱོང་གི་ཆོ་ག་ཆད་མེད་གནང་གི་ཡོད་པ་དེར་ཕྱི་མི་ཚོས་ཡ་མཚན་མཚན་བྱེད་ཀྱི་ཡོད་འདུག ཁོང་གིས་ཁང་ཚོང་གི་ལས་འཆར་ཚང་མར་པོ་ཏ་ལ་ཕོ་བྲང་ཞེས་མིང་བཏགས་ནས་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་དཀའ་ངལ་སེལ་ཐབས་བྱེད་དགོས་རེད་གསུངས་ནས་ཨ་རིའི་ས་ཁང་ཚོང་ལས་ནང་ལྟ་གྲུབ་དེ་འདྲ་ཞིག་གསར་གཏོད་ཡོང་ཐབས་གནང་གི་ཡོད་འདུག ཁོང་གི་སྐུ་ཟླ་ཏ་མི་Tamiལགས་ཐོག་མར་འབྲེལ་བ་བྱུང་བའི་སྐབས་ཁོང་ཨནྡེརེ་ཨ་གྷ་སེ་ཡི་སྲིང་མོ་ཡིན་པ་ཤེས་མེད་པ་མ་ཟད་ད་ལྟའི་སྐབས་སུ་ཡང་ཁོང་ལ་ཚོང་འབྲེལ་མེད་ལུགས་འགྲེལ་བརྗོད་གནང་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎