གཞུང་ཚབ་མདུན་གྱི་ལམ་མིང་བརྗེ་འཆར་ལ་རྒྱ་ནག་ཁོང་ཁྲོ་ལངས་བ།


2016.02.16
ཨ་རིའི་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཉེ་པར་ཞིག ཨ་རིའི་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཉེ་པར་ཞིག
AFP

ཨ་རིའི་རྒྱ་ནག་གཞུང་ཚབ་མདུན་གྱི་གཞུང་ལམ་གྱི་མིང་བརྗེ་ལ་རྒྱ་ནག་གིས་ཁོང་ཁྲོ་ཆེན་པོས་སྐྱོན་བརྗོད་བྱས་འདུག
དེ་ཡང་ཨ་རིའི་གྲོས་ཚོགས་གོང་མས་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱས་པའི། རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཡོད་པའི་གཞུང་ལམ་གྱི་མིང་ལ་རྒྱ་ནག་གིས་བཙོན་བཅུག་དོ་དམ་འོག་ཡོད་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བྱུང་བ་ལིའུ་ཞོ་པོ་ཡི་མཚན་ཐོག་བརྗེ་བསྒྱུར་བྱ་རྒྱུའི་ཁྲིམས་འཆར་ཞིག་བཏོན་པ་དེར། རྒྱ་ནག་གཞུང་ཁོང་ཁྲོ་ཆེན་པོ་ལངས་ཏེ་དེ་ནི་རྒྱལ་སྤྱིའི་མཐུན་འབྲེལ་གྱི་རྒྱས་དཔྱད་ཚད་གཞི་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་བྱས་འདུག
ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཚོགས་མི་དང་། ད་ལྟ་ཨ་རིའི་སྲིད་འཛིན་གྱི་འོས་མིའི་གྲས་ཡིན་པ་སྐུ་ཞབས་Ted Cruzལགས་ཀྱིས་གྲོས་གཞི་བཏོན་པ་བཞིན་རེས་གཟའ་པ་སངས་ཉིན་གྲོས་ཚོགས་གོང་མས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་གྱི་གཞུང་ལམ་གྱི་མིང་གསར་པར་Liu Xiaobo Plazaཞེས་མིང་འདོགས་རྒྱུའི་ཁྲིམས་འཆར་དེར་ངོས་ལེན་གནང་ཡོད་པ་རེད། དེ་ནི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་གྱི་གཞུང་ལམ་3505 International Plaza NWཞེས་བ་ད་ལྟ་ No 1 Liu Xiaobo Plazaཞེས་ད་ལྟ་རྒྱ་ནག་གི་བཙོན་ཁང་ལ་ཡོད་པའི་ཞིི་བདེའི་གཟེངས་རྟགས་རག་མཁན་ལེའུ་ཞོའོ་པོ་ཡི་མཚན་ཐོག་ལ་མིང་བསྒྱུར་གཏོང་དགོས་པ་འཁོད་འདུག
དེ་རིང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་ཧོང་ལིས་གསར་འགོད་ལྷན་ཚོགས་ཐོག ཨ་རིའི་བྱ་སྤྱོད་དེ་བཞིན་རྒྱལ་ཁབ་ཕན་ཚུན་གྱི་གཞི་རྩའི་མཐུན་འབྲེལ་གྱི་རྒྱས་དཔྱད་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་སྟབས་ཨ་རིའི་གྲོས་ཚོགས་གོང་མ་དང་། ཨ་རིའི་སྲིད་གཞུང་གི་ངོས་ནས་ཁྲིམས་འཆར་དེ་འགོག་ཐབས་གནང་དགོས་པ་མ་ཟད། དོན་མེད་ཆབ་སྲིད་ཀྱི་རྙོག་ཟིང་སློངས་རྒྱུ་དེ་མཚམས་འཇོག་བྱེད་དགོས་པ་རེད་ཅེས་བཤད་འདུག ད་དུང་ཧོང་ལིས་ཡིས། གལ་སྲིད་ཨ་རིའི་གྲོས་ཚོགས་ནས་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱས་པ་ཡིན་ན་དེའི་མཇུག་འབྲས་ཚབས་ཆེན་ཞིག་ཡོང་གི་རེད་ཅེས་བཤད་འདུག ཨ་རིའི་གྲོས་ཚོགས་འོག་མའི་ནང་དུའང་ཁྲིམས་འཆར་དེ་འདྲ་ཞིག་དགོངས་བཞེས་གནང་མུས་ཡིན་པ་དང་། གལ་སྲིད་ཁྲིམས་འཆར་དེར་གྲོས་ཚོགས་གོང་འོག་གཉིས་ཀས་རྒྱབ་སྐྱོར་ཐོབ་ཅིང་། ཨ་རིའི་སྲིད་འཛིན་Obamaམཆོག་གིས་མཚན་རྟགས་བཀོད་པ་ཡིན་ན་དེ་ནི་ཁྲིམས་ཡིག་ཆགས་ཏེ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་གྱི་གཞུང་ལམ་གྱི་མིང་དེ་ཆབ་སྲིད་བཙོན་པ་ལིའུ་ཤ་པོ་ཡིན་མཚན་ཐོག་བརྗེ་པོ་རྒྱབ་དགོས་ཆགས་ཀྱི་རེད།
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༩ལོར་སྐུ་ཞབས་ལིའུ་ཞོ་པོ་ལ་གཞུང་མགོ་རྟིང་སློག་རྩིས་བྱས་པའི་ནག་ཉེས་བཙུག་ནས་ལོ་༡༡གི་ལོ་དུས་བཙོན་བཅུག་བྱས་བསྡད་ཡོད་པ་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎