ལྷ་སར་ཕྱེད་རྒྱང་ཐག་རིང་བའི་རྒྱུག་འགྲན་ཚུགས་འཆར།

འཛམ་གླིང་ཐོག་ས་མཐོའི་ཕྱེད་རྒྱང་ཐག་རིང་བའི་རྒྱུག་ཤར་འགྲན་བསྡུར་ཐེངས་དྲུག་པ་དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བྱ་རྒྱུ་ཡིན་སྐོར།

2011.09.01

༄༅༎འཛམ་གླིང་ཐོག་ས་མཐོའི་Half marathon འམ་ཕྱེད་རྒྱང་ཐག་རིང་བའི་རྒྱུག་ཤར་འགྲན་བསྡུར་ཐེངས་དྲུག་པ་དེ་བཞིན་ བོད་ཀྱི་རྒྱལ་ས་ལྷ་སའི་ནང་བྱ་རྒྱུ་ཡིན་པའི་སྐོར་གནས་ཚུལ་ཐོན་བཞག་༎

དེ་ཡང་ཁ་ས་ཚེས་༣༡ཉིན་རྒྱ་ནག་གིས་ཟེར་བའི་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་ལས་ཁུངས་ཀྱི་འགན་འཛིན་དབྱང་ཀྲན་ཆི་ཡི་International half- marathon འམ་རྒྱལ་སྤྱིའི་ཕྱེད་ཐག་རིང་གི་རྒྱུག་ཤར་འགྲན་བསྡུར་ཐེངས་དྲུག་པ་དེ་བཞིན་ཟླ་བ་འདིའི་ཚེས་༡༠བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཚུགས་རྒྱུ་ཡིན་པའི་སྐོར་གསལ་བསྒྲགས་བྱས་ཡོད་པ་རེད་ འགྲན་བསྡུར་གོ་སྒྲིག་ཞུ་མཁན་གོང་གསལ་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་ལས་ཁུངས་ཀྱི་འགན་འཛིན་ནས་རྒྱལ་སྤྱིའི་ཕྱེད་ཐག་རིང་གི་རྒྱུག་ཤར་འགྲན་བསྡུར་དེ་བཞིན་ ༢༠༠༤ལོར་ཐོག་མར་འགོ་འཛུགས་བྱུང་པ་ཞིག་དང་ ད་རེས་འགྲན་བསྡུར་ཐེངས་དྲུག་པ་འདིའི་ཐོག་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་ཐག་རིང་རྒྱུག་ཤར་འགྲན་བསྡུར་ནང་མཉམ་ཞུགས་བྱ་མཁན་མི་གྲངས་༥༠༠༠ལྷག་འབྱོར་རྒྱུའི་ཚོད་དཔག་གསལ་འདོན་བྱས་བཞག བོད་ཀྱི་རྒྱལ་ས་ལྷ་ས་དེ་བཞིན་རྒྱ་མཚོ་ནས་མཐོ་ཚད་མི་ཊར་༣༤༩༠གང་ཆགས་ཞིང་ འཛམ་གླིང་སྟེང་ས་མཐོའི་གྲོང་ཁྱེར་མཐོ་ཤོས་ཤིག་ཡིན་པ་རེད་ གྲོང་ཁྱེར་དེའི་ནང་ རྒྱལ་སྤྱིའི་ཕྱེད་ཐག་རིང་རྒྱུག་ཤར་འགྲན་བསྡུར་དེ་བཞིན་ ཕོ་བྲང་པོ་ཏ་ལ་ནས་འགོ་འཛུགས་ཀྱིས་ ནོར་བུ་གླིང་ཁ་དང་ བོད་ཀྱི་འགྲེམས་སྟོན་ཁང་ བོད་ཀྱི་གཙུག་ལག་སློབ་གྲ་ སེ་ར་དགོན་པ་དང་ལྷ་སའི་བར་སྐོར་བར་བཅས་བརྒྱུད་ མཐར་རྟ་རྒྱུག་ཐང་ཆེན་དུ་མཇུག་སྒྲིལ་རྒྱུ་ཡིན་པའི་སྐོར་གནས་ཚུལ་ནང་གསལ་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎