བོད་ནང་བོད་རང་བཙན་ཡིན་པའི་ཡིག་ཆ་འགྲེམ་སྤེལ་བྱས་ཡོད་པ།

སྡེ་དགེ་གྲོང་འཚོའི་ནང་བོད་རང་བཙན་ཡིན་པའི་ཡིག་ཆ་འགྲེམས་སྤེལ་བྱུང་བའི་རྐྱེན་གྱིས་གྲོང་འཚོའི་གནས་སྟངས་ཏེ་ཛ་དྲག་ཏུ་གྱུར་ཡོད་འདུག

2009.03.24

༄༅༎བོད་ཤར་ཕྱོགས་སྡེ་དགེ་གྲོང་འཚོའི་ནང་བོད་རང་བཙན་ཡིན་པའི་ཡིག་ཆ་འགྲེམས་སྤེལ་བྱུང་བའི་རྐྱེན་གྱིས་དལྟའི་ཆར་གྲོང་འཚོའི་གནས་སྟངས་ཏེ་ཛ་དྲག་ཅན་ཞིག་ཏུ་གྱུར་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་གནས་ཚུལ་བཏོན་ཡོད་པ་རེད།

ཕྱི་ཚེས་ཉི་ཤུ་གཉིས་ཉིན་སྡེ་དགེ་མགོན་ཆེན་དུ་འཕུར་ཆེན་གྱི་དུས་ཆེན་ཆེད་འདུ་ཚོགས་བྱུང་བའི་བོད་མི་མང་པོ་ཞིག་གིས་དགོན་པའི་ལམ་ཆེན་དུ་བོད་རང་བཙན་ཡིན་པའི་འགྲེམས་ཡིག་དང་རླུང་དར་དཔར་མང་དག་ཅིག་གཟིགས་ཡོད་པ་རེད།

འཕུར་ཆེན་གྱི་དུས་ཆེན་དེ་ཕྱི་ཚེས་ཉི་ཤུ་གསུམ་ཉིན་གནང་རྒྱུའི་འཆར་གཞི་ཡོད་པ་རེད། གནས་ཚུལ་འབྱུང་ཁུངས་ནས་འགྲེམས་ཡིག་དེ་དག་དཔར་ཤིང་ནས་དཔར་ལེན་བྱས་པ་ཤེས་རྟོགས་བྱུང་ཞིང་གོང་ཞུས་གནས་ཚུལ་དེའི་རྐྱེན་གྱིས་དལྟའི་ཆར་སྡེ་དགེ་གྲོང་འཚོའི་གནས་སྟངས་དེ་ཛ་དྲག་ཅན་ཞིག་ཏུ་གྱུར་ཡོད་པ་རེད། ཡང་གནས་ཚུལ་ནང་བཀོད་དོན་ལ་གཞིགས་ན་ཕྱི་ཚེས་ཉི་ཤུ་གཉིས་ཉིན་ལི་ཐང་རྫོང་ནང་ས་གནས་ཀྱི་ཆུ་ཚོད་བཅུ་གཅིག་དང་སྐར་མ་ཉི་ཤུ་ཙམ་ཞིག་ལ་དགེ་འདུན་པ་ཞིག་གིས་སྐུ་རྐྱང་ཐོག་ཞི་བའི་ངོ་རྒོལ་གནང་བར་བོད་རང་བཙན་ཡིན་པ་དང་༸གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག་ཅེས་སྐད་འབོད་གནང་བའི་རྗེས་ས་གནས་ཀྱི་སྤྱི་བདེ་མི་སྣས་ཉེས་རྡུང་ཚད་མེད་བཏང་ནས་འཛིན་བཟུང་བྱས་ཡོད་པ་དང་དལྟའི་ཆར་ཁོང་ལི་ཐང་རྫོང་གི་བཙོན་ཁང་ནང་བཙོན་བཅུག་བྱས་ཡོད་པ་རེད། ཞི་བའི་ཐོག་ངོ་རྒོལ་གནང་མཁན་དགེ་འདུན་པ་དེ་ལི་ཐང་དགོན་པའི་དགེ་འདུན་པ་ཆོས་སྐྱོངས་ཚེ་རིང་ཡིན་པ་དང་ཁོང་དགུང་གྲངས་བཅོ་བརྒྱད་ཡིན་པའི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎