ཕ་རན་སིའི་གསར་འགོད་པས་གསང་ཐོག་ནས་བོད་ནང་བསྐྱོད་པ།

ཕ་རན་སིའི་གསར་ཤོག་ལི་མན་ཌི་གྱི་གསར་འགོད་པ་ཞིག་གིས་བོད་ནང་གསང་བའི་ཐོག་ནས་བསྐྱོད་དེ་གནས་ཚུལ་མཁོ་སྒྲུབ་བྱས་ཡོད་པ།

2012.12.22

༄༅༎ཉེ་སྔོན་ཕ་རན་སི་གསར་ཤོག་ Le Monde གྱི་གསར་འགོད་པ་ཞིག་བོད་མདོ་སྨད་བླ་བྲང་དང་ཀླུ་ཆུ་ཁུལ་དུ་གསང་བའི་ཐོག་སོང་ནས་རང་ལུས་མེར་སྲེག་བཏང་མཁན་གསུམ་གྱི་ལོ་རྒྱུས་ཤེས་རྟོགས་ཡོང་ཐབས་བྱས་འདུག
མཚན་གསུང་འདོད་མེད་པའི་ཕ་རན་སིའི་གསར་འགོད་པ་ཞིག་དང་ཁོང་གི་དགའ་ཉེ་གཉིས་འདི་ལོ་ཕྱི་ཟླ་ ༡༡་པའི་ནང་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་མཁན་གསུམ་གྱི་ས་ཁུལ་དུ་ཕེབས་པའི་སྐབས། བླ་བྲང་དང་། ཀྲུ་ཆུ་ཁུལ་གྱི་ཨ་མཆོག་ཤང་དང་། གསང་ཁོག་ཤང་། ཨ་ལ་ཤང་ནང་རྒྱ་ནག་གི་ཉེན་རྟོག་དམག་མི་དང་ལས་བྱེད་ཀྱིས་ཁེངས་བསྡད་ཡོད་པ་དངོས་སུ་མཐོང་ཡོད་པ་དང་། ཁོང་གཉིས་ཀྱིས་ཉིན་མོ་གབ་པ་དང་མཚན་མོ་གནས་ཚུལ་རྩད་གཅོད་ལ་ཕེབས་ནས་གནས་ཚུལ་མཁོ་སྒྲུབ་གནང་བྱས་སྐོར་འགྲེལ་བརྗོད་གནང་འདུག
ས་གནས་ཀྱི་འབྲོག་པ་རྣམས་ཀྱིས་སོ་སོའི་ཉེན་ཁ་ལ་འཛེམས་མེད་ཀྱིས་ཁོང་གཉིས་མེ་སྲེག་བཏང་མིའི་ཁྱིམ་ཚང་དུ་འཁྲིད་པ་ལས། བོད་མི་རྣམས་ཀྱིས་ཉིན་རེ་ལས་ཉེན་རེ་དཀའ་སྡུག་ཆེ་རུ་འགྲོ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་འདུག །དེ་བཞིན་ཚེ་རིང་དོན་གྲུབ་ལགས་ཀྱིས་རང་ལུས་མེ་སྲེག་བཏང་བའི་རྗེས་ཁོང་གི་ཨ་མྱེས་དང་ཨ་པྰ་གཉིས་ཉེན་རྟོག་པས་འཛིན་བཟུང་བྱས་པ་ཤེས་རྟོགས་བྱུང་ལུགས་འགྲེལ་བརྗོད་བྱས་འདུག
དེ་བཞིན་ཉེ་ཆར་ཁེ་ན་ཌའི་སི་སྦི་སི་ཞེས་པའི་གསར་འགྱུར་པ་ཞིག་བོད་ནང་གསང་བའི་ཐོག་ནས་བསྐྱོད་ནས་གནས་ཚུལ་སྤེལ་ཡོད་པ་དང༌། དེའི་སྔོན་དུ་ཨོ་སི་ཊོ་ལི་ཡ་གསར་འགོད་པ་གཅིག་ཀྱང་བོད་ནང་གསང་བའི་ཐོག་འཛུལ་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎