རྒྱ་ནག་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ལ་ཁྲིམས་ཞིབ།

རྒྱ་ནག་གི་རྩོམ་པ་པོ་ལིའུ་ཤའོ་ཕུའུ་ཡིའི་གྱོད་དོན་ཐོག་ཁྲིམས་བཤེར་བྱས་ནས་ཉིན་གཉིས་ཀྱི་རྗེས་ཁྲིམས་ཐག་ཕྱིར་བསྒྲགས་བྱ་རྒྱུ་ཡིན་འདུག

2009.12.23

༄༅༎རྒྱ་ནག་གཞུང་གིས་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་རྩོམ་པ་པོ་ལིའུ་ཤའོ་ཕུའུ་ཡིའི་གྱོད་དོན་ཐོག་ཁྲིམས་བཤེར་བྱས་ནས་ཉིན་གཉིས་ཀྱི་རྗེས་ཁྲིམས་ཐག་ཕྱིར་བསྒྲགས་བྱ་རྒྱུ་ཡིན་འདུག 

ལིའུ་ཤའོ་ཕུའུ་ཡི་གྱོད་དོན་ཐོག་པེ་ཅིན་འབྲིང་རིམ་ཁྲིམས་ཁང་གིས་དེ་རིང་ཁྲིམས་བཤེར་བྱས་ཡོད་པ་དང་ལིའུ་ཤའོ་ཕུའུ་ཡི་བཟའ་ཟླ་ལིའུ་ཞའ་ཁྲིམས་ཁང་དུ་ཁྲིམས་ཞིབ་བྱེད་པའི་སྐབས་སླེབས་མེད་ཅིང་ཁྲིམས་ཞིབ་བྱེད་པའི་སྐབས་ཁོང་གི་གཅུང་པོ་དང་ལིའུ་ཤའོ་ཕུའུ་ཡི་གཅུང་པོ་གཉིས་ཉན་ཞིབ་ཏུ་བསྐྱོད་རྒྱུར་ཁྲིམས་ཁང་ནས་མོས་མཐུན་བྱུང་ཏེ་ཁྲིམས་ཁང་ནང་སླེབས་ཡོད་པ་རེད་ ལིའུ་ཤའོ་ཕུའུ་ཡིས་གཅུང་པོ་དང་ཁྲིམས་རྩོད་པས་ལིའུ་ཤའོ་ཕུའུ་ཡི་གྱོད་དོན་སྐོར་གྱི་ཁྲིམས་ཐག་གཟའ་པ་སངས་ཉིན་ཁྲིམས་ཁང་གིས་ཕྱིར་བསྒྲགས་བྱ་རྒྱུ་ཡིན་པའི་སྐོར་ཕྱི་ཕྱོགས་སུ་འགྲེལ་བརྗོད་གནང་འདུག རྒྱ་ནག་གི་རྩོམ་པ་པོ་ལིའུ་ཤའོ་ཕུའུ་ལ་པེ་ཅིན་འབྲིང་རིམ་ཁྲིམས་ཁང་གིས་གཟའ་ལྷག་པའི་ཉིན་དུས་ཡུན་ཚོུད་གཉིས་དང་ཕྱེད་ཀའི་རིང་ཁྲིམས་ཞིབ་བྱས་ཡོད་ཅིང་ཁྲིམས་ཞིབ་བྱེད་པའི་སྐབས་ཁྲིམས་ཁང་གི་སྒོ་འགྲམ་དུ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་གྲངས་མང་པོ་འདུ་འཛོམས་བྱུང་ཡོད་པ་དང་ད་དུང་ཨ་རི་དང་ཁེ་ན་ཌ་སོགས་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་གི་འབྲེལ་ཡོད་མི་སྣ་ཡང་ཁྲིམས་ཞིབ་ཉན་རྒྱུར་ཕེབས་ཡོད་ན་ཡང་པེ་ཅིན་འབྲིང་རིམ་ཁྲིམས་ཁང་གིས་ཕྱི་རྒྱལ་གྱི་མི་སྣ་ཁྲིམས་ཞིབ་ཉན་པར་ཁྲིམས་ཁང་ནང་གཏོང་རྒྱུར་ཁས་ལེན་བྱས་མེད་པར་བརྟེན་ཨ་རིའི་གཞུང་ཚབ་ལས་ཁང་གི་སྐུ་ཚབ་ཅིག་གིས་ཁྲིམས་ཁང་གི་སྒོ་འགྲམ་དུ་རྒྱ་ནག་གཞུང་གིས་ལིའུ་ཤའོ་ཕུའུ་ཡི་གྱོད་དོན་ཐོག་དྲང་བདེན་དང་ཡོངས་བསྒྲགས་ཀྱི་ཁྲིམས་ཞིབ་གནང་རྒྱུའི་འབོད་སྐུལ་གསལ་བསྒྲགས་ཕྱིར་བསྒྲགས་གནང་ཡོད་པ་རེད་  དགུང་གྲངས་༥༣ལ་ཕེབས་པའི་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ཤའོ་ཕུའུ་ཡིས་ན་ནིང་རྒྱ་ནག་ནང་ལས་རིགས་འདྲ་མིན་མི་གྲངས་བརྒྱ་གྲངས་མང་པོས་ས་རྟགས་འཁོད་པའི་ཉིས་སྟོང་བརྒྱད་ལོའི་རྩ་འཛིན་ཞེས་པ་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུའི་འབོད་སྐུལ་གྱི་ཡོངས་ཁྱབ་ཡི་གེ་ཟིན་བྲིས་བསྐྱོན་ནས་དེའི་ཐོག་ས་རྟགས་ཐོག་མ་བསྐྱོན་མཁན་གྱི་གྲས་ཤིག་ཡིན་པ་དང་དེར་བརྟེན་ནས་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱས་པ་ཞིག་ཡིན་པ་རེད་ གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་ད་རེས་རྒྱ་ནག་གཞུང་གིས་ལིའུ་ཤའོ་ཕུའུ་ཡི་གྱོད་དོན་ཐོག་ཁྲིམས་བཤེར་བྱེད་པའི་དུས་ཚོད་ཡི་ཤུའུ་འཁྲུངས་སྐར་གྱི་དུས་ཚོད་དང་སྟབས་བསྟུན་ནས་ཁྲིམས་བཤེར་བྱས་པ་དེ་ནི་ ལིའུ་ཤའོ་ཕུའུ་ཡི་གྱོད་དོན་ཐོག་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་གླེང་སློང་ཤུགས་ཆེ་ཡོང་བཞིན་པ་དེའི་ཤུགས་རྐྱེན་ཆེ་རུ་མི་འགྲོ་རྒྱུར་དམིགས་པ་ཞིག་ཡིན་པའི་དགོངས་ཚུལ་གསུང་གི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎