ལིའུ་ཞ་པའོའི་ཁྲིམས་རྩོད་པ་ཕྱི་རྒྱལ་དུ་བསྐྱོད་རྒྱུར་བཀག་འགོག

རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་དམངས་གཙོ་དོན་གཉེར་བ་ལིའུ་ཞ་པའོ་ཡི་ཁྲིམས་རྩོད་པ་རྒྱ་ནག་གི་ཕྱི་ཕྱོགས་སུ་འགྲོ་བསྐྱོད་བཀག་འགོག།

2010.11.09

༄༅༎རྒྱ་ནག་གི་བཙོན་ཁང་དུ་ཡོད་པའི་དམངས་གཙོ་དོན་གཉེར་བ་ལིའུ་ཞ་པའོ་ཡི་ཁྲིམས་རྩོད་པ་རྒྱ་ནག་གི་ཕྱི་ཕྱོགས་སུ་འགྲོ་བསྐྱོད་བཀག་འགོག་བྱས་པའི་སྐོར་དེ་རིང་ཁོང་གིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་གསུངས་ཡོད་པ་རེད།

ཉེ་ཆར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་དམངས་གཙོ་དོན་གཉེར་བ་ལིའུ་ཞ་པའོ་ལ་འདི་ལོའི་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་པའི་གསལ་བསྒྲགས་བྱས་པ་ནས་བཟུང་རྒྱ་ནག་གཞུང་གིས་ལིའུ་ཞ་པའོ་ལ་རྒྱབ་སྐྱོར་བྱས་ཏེ། རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་གྱི་ཐོག་ལ་དྲག་གནོན་བྱ་ཐབས་ཤུགས་ཆེ་གཏོང་བཞིན་ཡོད་པའི་ཁོངས་སུ། ལིའུ་ཞ་པའོ་ཡི་ཁྲིམས་རྩོད་པ་མོ་ཧྲའོ་ཕིང་ཨིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཚོགས་རྒྱུའི་ཁྲིམས་རྩོད་པའི་ལྷན་ཚོགས་ཐོག་ཞུགས་པར་པེ་ཅིན་གནམ་ཐང་ནས་ཐོན་ཁར་འབྲེལ་ཡོད་རྒྱ་མིའི་དཔོན་རིགས་ནས་འགྲོ་བསྐྱོད་བཀག་འགོག་བྱས་ཡོད་པ་དང༌། མོ་ནི་ལིའུ་ཞ་པའོ་ལ་ནག་ཉེས་མེད་པའི་ཁྲིམས་བཏུགས་བྱེད་མཁན་གྱི་ཁྲིམས་རྩོད་ཚོགས་པའི་འགོ་ཁྲིད་ཡིན་པར་བརྟེན་ནས། ཁོང་གནམ་ཐང་ནས་བཀག་འགོག་བྱེད་པའི་སྐབས། རྒྱ་ནག་གི་དཔོན་རིགས་དེ་དག་གིས་བཀག་འགོག་བྱེད་དགོས་དོན་ནི་། ཁོང་གིས་རྒྱ་ནག་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་གཞིའི་ལས་ཀ་བྱེད་ཀྱི་རེད་ཅེས་པའི་རྒྱུ་མཚན་འགྲེལ་བརྗོད་བྱས་བྱུང་ཞེས་ཕེ་རན་གསར་འགོད་པར་གསུངས་ཡོད་པ་རེད། ད་དུང་ཁོང་གིས་གསུངས་ན། རྒྱ་ནག་གཞུང་གིས་ཉེ་བའི་དུས་ཚོད་དེའི་ནང་དམངས་གཙོ་དོན་གཉེར་བ་མང་པོ་ཞིག་ཕྱིའི་རྒྱལ་ཁབ་ནང་འགྲོ་བསྐྱོད་ཀྱི་རང་དབང་ཐོག་བཀག་འགོག་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང༌། དེ་དག་བྱེད་དགོས་དོན་ནི། ཁོང་ཚོ་ཕྱིའི་རྒྱལ་ཁབ་ནང་ཕྱིན་པའི་གོ་སྐབས་དང་བསྟུན་ནས། རིང་མིན་ཕྱི་ཟླ་༡༢པའི་ཚེས་༡༠ཉིན་ནོར་ལྦེའི་རྒྱལ་ས་ཨོ་སི་ལོ་ནང་ལིའུ་ཞ་པའོ་ལ་ཞི་བདེའི་བྱ་དགའ་ཕུལ་གྱི་ཡོད་པ་དེ་ལིའུ་ཞ་པའོ་གྱི་སྐུ་ཚབ་བྱས་ཏེ་ལེན་པར་འགྲོ་གི་རེད་བསམ་པའི་རྒྱ་ནག་གཞུང་ལ་བློ་དོགས་དང་འཇིགས་སྣང་ཡོད་པ་རེད་ཅེས་གསུང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎