ཨ་རིའི་སྲིད་འཛིན་ལ་བོད་དུ་ཕེབས་དགོས་པའི་འབོད་སྐུལ་ཞུས་པ།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་ཨ་རིའི་སྲིད་འཛིན་སྦུཤེ་མཆོག་ལ་བོད་ནང་གཟིགས་སྐོར་དུ་ཕེབས་ཐབས་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད།

2008.05.10

༄༅༎ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་ཨ་རིའི་སྲིད་འཛིན་སྦུཤེ་མཆོག་ལ་པེ་ཅིན་ཨོ་ལིམ་ཕིག་རྩེད་འགྲན་གྱི་རིང་བོད་ནང་གཟིགས་སྐོར་དུ་ཕེབས་ཐབས་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་ཨ་རིའི་སྲིད་འཛིན་ཇོར་ཇེ་སྦུཤེ་མཆོག་ད་ལོ་ཕྱི་ཟླ་བརྒྱད་པའི་ནང་ཚོགས་རྒྱུའི་པེ་ཅིན་ཨོ་ལིམ་ཕིག་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་ཕེབས་པའི་སྐབས་ བོད་ནང་ཕེབས་ཐབས་གནང་དགོས་པ་མ་ཟད་། ཨ་རིའི་སྐུ་ཚབ་ལས་ཁང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བཙུགས་རྒྱུའི་གནད་དོན་དེ་རྒྱ་ནག་གི་དཔོན་རིགས་ཚོར་གླེང་སློང་གནང་ནས་རྒྱ་ནག་གི་དཔོན་རིགས་ཚོར་ལས་དོན་དེ་བསྒྲུབ་རྒྱུར་གནོན་ཤུགས་སྤྲོད་དགོས་པའི་ཁར། ཕྱི་རྒྱལ་གྱི་གསར་འགོད་པ་དང་གཞུང་འབྲེལ་མིན་པའི་རོགས་རམ་ཚོགས་པ་ཁག་བོད་ནང་གཏང་དགོས་པའི་གནོན་ཤུགས་སྤྲོད་རྒྱུའི་ཛ་དྲག་གི་འབོད་སྐུལ་ཡི་གེ་ཞིག་ཕུལ་གནང་ཡོད་པ་རེད། གྲོས་ཚོགས་གོང་མའི་འཐུས་མི་ཚོས་ཨ་རིའི་སྲིད་འཛིན་ལ་ཕུལ་བའི་འབོད་སྐུལ་ཡི་གེ་དེའི་ནང་ཨ་རིའི་སྲིད་འཛིན་མཆོག་ནས་ཨོ་ལིམ་ཕིག་རྩེད་འགྲན་སྐབས་ཨ་རིའི་ལུས་རྩལ་བ་ཚོར་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བཏོན་གནང་དགོས་པའི་ཐོག བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་རྒྱུ་དེ་ནི་གལ་འགངས་ཆེན་པོ་ཡིན་པའི་འདོད་ཚུལ་རྒྱ་ནག་གཞུང་ལ་གསལ་སྟོན་གནང་དགོས་པ་འཁོད་ཡོད་པ་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམ་པ་ཚོས་རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་དབར་ཁ་སྔོན་འབྲེལ་ལམ་བྱུང་བ་དེར་དགའ་བསུ་ཞུས་གནང་ཡོད་ཅིང་། ཡིན་ནའི་ཁོང་རྣམ་པའི་དགོངས་པར་ཕྱོགས་གཉིས་དབར་དོན་འབྲས་སོན་པའི་གྲོས་མོལ་ཞིག་གནང་ཐུབ་རྒྱུར་ངེས་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་ནས་རྒྱ་ནག་ཐོག་གནོན་ཤུགས་སྤྲོད་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་གསལ་སྟོན་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎