བོད་མི་རང་བསྲེག་མཁན་སྣང་གྲོལ་ལགས་ཀྱི་ཞལ་ཆེམས་།

ཛམ་ཐང་དགོན་པའི་ཉེ་འཁྲིས་སུ་རང་ལུས་མེར་སྲེག་གཏོང་མཁན་སྣང་གྲོལ་ལགས་ཀྱིས་བཞག་གནང་བའི་ཞལ་ཆེམས།

2012.05.09

༄༅༎འདི་ལོ་ཕྱི་ཟླ་གཉིས་པའི་ཚེས་༡༩ཉིན་ཛམ་ཐང་དགོན་པའི་ཉེ་འཁྲིས་སུ་རང་ལུས་མེར་སྲེག་གཏོང་མཁན་སྣང་གྲོལ་ལགས་ཀྱིས་བཞག་གནང་བའི་ཞལ་ཆེམས་ནང་ བོད་མིའི་ལ་རྒྱ་དང་ མཐུན་སྒྲིལ་བྱ་དགོས་པ་སོགས་འཁོད་ཡོད་པའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག 
བོད་རྒྱལ་ཁབ་དང་མི་རིགས་ཆེད་རང་ལུས་མེར་སྲེག་གཏོང་མཁན་སྣང་གྲོལ་ལགས་ཀྱིས་བཞག་གནང་བའི་ཞལ་ཆེམས་ནང་དེ་ལྟར་འཁོད་དོན་   ལ་རྒྱའི་སྙིང་སྟོབས་མ་ཞན་མགོ་བོ་ཁྱོགས་ མིང་སྣང་གྲོལ་ང་ཡི་ལ་རྒྱ་ ངའི་དྲིན་ཅན་ཕ་ལོ་མ་ལོ་ ངའི་འདང་ཅན་ཕུ་ནུ་ཉེ་འཁོར་ ང་མི་འདུག་འགྲོ་རན་བྱུང་ཐལ་ ངས་དྲིན་ཅན་བོད་མིའི་དོན་ལ་ ངའི་ཚེ་སྲོག་མེ་ལ་བསྐུར་ནས་བོད་མི་རིགས་ཕོ་མོ་རྣམ་པ་བུ་ང་ཡི་རེ་བ་ཡིན་ན་   ཁྱེད་ཚང་མར་མཐུན་སྒྲིལ་ཡོད་དགོས་ བོད་ཡིན་ན་བོད་ལྭ་གྱོན་དགོས་ དེའི་མི་ཚད་བོད་སྐད་བཤད་དགོས་ བོད་ཡིན་ན་སེམས་ནས་མ་བརྗེད་ བོད་ཡིན་ན་བྱམས་དང་སྙིང་རྗེ་དགོས་ ཕ་མ་ལ་བརྩི་བཀུར་དགོས་ མི་རིགས་ལ་མཐུན་སྒྲིལ་ཡོད་དགོས་ དུད་འགྲོ་ལ་སྙིང་རྗེ་སྒོམ་དགོས་ སེམས་ཅན་གྱི་ཚེ་སྲོག་ལ་འཛེམ་དགོས་ ༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་གངས་ཅན་གྱི་བླ་སྤྲུལ་མཁན་པོ་སོགས་ཀྱི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་མི་རིགས་རྒྱ་ངན་འདིའི་འོག་ནས་ཐར་བར་ཤོག རྒྱ་ངན་འདིའི་འོག་ནས་བོད་ལ་སྡུག་བསྔལ་ཆེ་ བསྡུག་བསྔལ་དེ་བཟོད་ཐབས་ཧ་ཅང་དཀའ་ རྒྱ་ངན་འདིས་བོད་པ་བཙན་བཟུང་བྱེད་ ཁྲིམས་ངན་འདིའི་འོག་ནས་སྡོད་ཐབས་མེད་ རྨ་མེད་པའི་གཅར་རྡུང་བཟོད་ཀྱི་དཀའ་ རྒྱ་ངན་དེར་བྱམས་དང་སྙིང་རྗེ་མེད་ མཐའ་གཞུག་ལ་བོད་ཀྱི་ཚེ་སྲོག་བཅད་  ༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་འཁོད་གནང་ཡོད་འདུག  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎