ལེབ་ཆའི་ཆོས་མཐའ་མ་དེ་འདས་གྲོངས་སུ་གྱུར་བ།
2011.11.06
༄༅༎འབྲས་ལྗོངས་མི་རིགས་ཀྱི་ཐོུང་མ་ཡིན་པའི་གནས་རྩ་ཆེར་ངོས་འཛིན་བྱེད་ཡུལ་ འཛམ་གླིང་ནང་གི་རི་བོ་མཐོ་ཤོས་གངས་ཅན་ལྗོངས་ཀར་འབྲས་ལྗོངས་ཀྱི་དོད་མའི་མི་རིགས་ལེབ་ཆ་ཡིས་ཆོས་འབུལ་གནང་མཁན་ལས་སྣེ་མཐའ་མ་དེ་འདས་གྲོངས་སུ་གྱུར་ཡོད་པ་རེད།
དེ་རིང་ཕ་རིན་སི་གསརའགྱུར་ལས་ཁང་གི་གནས་ཚུལ་སྤེལ་བའི་ནང༌། འབྲས་ལྗོངས་ཀྱི་དོད་མའི་མི་རིགས་ཚོས། གངས་ཅན་ལྗོངས་ཁ་རི་བོར་ཁོང་ཚོའི་ཐོུང་མ་ཡིན་པའི་སྨོན་ལམ་དང་ཆོས་འབུལ་གནང་མཁན་བསམ་གྲུབ་ལགས་དགོངས་པ་རྫོགས་པ་དེ་ཡིས། ཁོང་གི་ཚབ་ཏུ་དེ་ལྟར་ཉམས་ལེན་དང་ཆོ་ཁ་ཕྱག་ལེན་རྒྱུན་འཛིན་བྱེད་མཁན་ཡོང་རྒྱུར་མིན་པར་ངོས་འཛིན་གྱིས་ཁོང་ཚོའི་མི་རིགས་ཀྱི་ཆོས་ཉམས་ལེན་བྱེད་མཁན་མཇུག་བསྒྲིལ་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འབྲས་ལྗོངས་ཀྱི་གདོད་མའི་མི་རིགས་ལེབས་ཆ་བ་ཚོས་གངས་ཅན་ལྗོངས་ཁ་རི་བོར་ལོ་ལྟར་བཞིན་བསམ་གྲུབ་ལགས་ལྟ་བུ་ཐུན་མོང་མ་ཡིན་པའི་ཆོ་ཁ་ཕྱག་ལེན་ཉམས་མྱོང་ལྡན་པས་སྣེ་ཁྲིད་དེ་ཆོས་འབུལ་དང་སྨོན་ལམ་ཚོགས་པའི་དུས་ཆེན་སྲུང་བརྩི་ཞུ་བའི་བྱེད་སྒོ་སྤེལ་ཏེ་མི་ལོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་ཡོད་ཅིང༌། འོན་ཀྱང་དགུང་གྲངས་༨༣ ལ་ཕེབས་པའི་བསམ་གྲུབ་ལགས་ཕྱི་ཟླ་བཅུ་པའི་ཚེས་༣༡ ཉིན་ཁོང་གི་ཕ་ཡུལ་འབྲས་ལྗོངས་ཀྱི་བྱང་ཕྱོགས་རྫོང་རྒུ་ས་གནས་ཀྱི་Nung གྲོང་གསེབ་ཏུ་དགོངས་པ་རྫོགས་པ་དེ་ཡིས་འབྲས་ལྗོངས་ཀྱི་དོད་མའི་མི་རིགས་ཚོར་ལོ་ལྟར་བཞིན་རི་བོར་ཆོས་འབུལ་དང་སྨོན་ལམ་ཚོགས་པའི་ལོ་རེའི་དུས་ཆེན་ལ་སྣེ་ཁྲིད་གནང་མཁན་མེད་པར་གྱུར་ཡོད་པ་དང༌། བསམ་གྲུབ་ལགས་སུ་བུ་གཅིག་ཡོད་ཀྱང་ཁོང་ནི་ཕ་ཡི་ཤུལ་འཛིན་དུ་བསྐོ་བཞག་བྱས་མེད་པ་དང༌། རྒྱུན་འཛིན་པ་ཡང་གསོ་སྐྱོང་བྱས་མེད་པ་རེད། གངས་ཅན་ལྗོངས་ཁ་རི་བོ་དེ་ནི་མཐོ་ཚད་ལ་མོ་ཊར་བརྒྱད་སྟོང་ལྔ་བརྒྱ་བརྒྱ་བཅུ་བརྒྱད་དྲུག་ཡོད་པ་དང༌། རི་བོ་དེ་ནི་བལ་ཡུལ་དང་ས་མཚམས་འཁེལ་ཡུལ་འབྲས་ལྗོངས་ཀྱི་ནུབ་ཕྱོགས་སུ་གནས་ཡོད་པ་རེད།།