ཀ་ཤི་མིར་གྱི་རང་བཙན་ཆེད་རྒྱ་གར་ལ་འཐབ་རྩོད་བྱེད་རྒྱུའི་སྐོར།
2008.12.17
༄༅༎ལཤེ་ཀར་ཨེ་ཏོའེ་སྦ་ཞེས་པའི་དྲག་སྤྱོད་ཚོགས་པས་རྒྱ་གར་གྱི་མངའ་ཁོངས་སུ་ཡོད་པའི་ཀ་ཤི་མིར་གྱི་རང་དབང་རང་བཙན་ཆེད་དུ་རྒྱ་གར་ལ་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན་ལུགས་བརྗོད་འདུག
རྒྱ་གར་གཞུང་གིས་ཟླ་བ་སྔོན་མར་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་གཏོར་རྒོལ་བཏང་བའི་རྒྱལ་ཁབ་ལཤི་ཀར་ཨེ་ཏོའེ་སྦ་ཞེས་པའི་དྲག་སྤྱོད་པའི་ཚོགས་པ་ཡོད་ལུགས་ནག་ཉེས་བཙུགས་པ་དེར་ཁ་ས་དྲག་སྤྱོད་ཚོགས་པ་དེའི་མགྲིན་ཚབ་པ་ཨབ་རྡུ་ལ་གཛི་ན་ལྦིས་ངོས་ལེན་མ་བྱས་པར་ཁོང་ཚོས་ཀ་ཤི་མིར་གྱི་རང་དབང་རང་བཙན་དོན་དུ་འཐབ་རྩོད་མུ་མཐུད་བྱ་རྒྱུ་དང་དེ་ནི་ཁོང་ཚོའི་དམིགས་ཡུལ་གཅིག་རང་དེ་ཡིན་སྐོར་ཕེ་རན་སིའི་གསར་ལས་ཁང་ལ་ཁ་པར་བརྒྱུད་ནས་བརྗོད་འདུག ཡང་ཁོ་པས་རྒྱ་གར་གཞུང་གིས་ཀ་ཤི་མིར་ནང་བཙན་པོ་དབང་བསྒྱུར་བྱེད་བཞིན་པ་ཁྲིམས་མཐུན་བཟོ་ཕྱིར་ཀ་ཤི་མིར་གྱི་རང་བཙན་འཐབ་རྩོད་བྱེད་མཁན་དང་དྲག་སྤྱོད་པ་གཉིས་འབྲེལ་བ་བཟོ་ཐབས་བྱེད་ཀྱི་ཡོད་ལུགས་ཀྱང་བརྗོད་འདུག ཡང་ཨབ་རྡུ་ལ་གཛི་ན་ལྦི་ཡིས་ལཤི་ཀར་ཚོགས་པ་དང་ཨེལ་ཁའེ་ཌ་དང་དེ་བཞན་ཊ་ལི་སྦའན་དྲག་སྤྱོད་ཚོགས་པ་གཉིས་དང་འབྲེལ་བ་རྩ་བ་ནས་མེད།ང་ཚོའི་ཚོགས་པས་ཀ་ཤི་མིར་ནང་རྒྱ་གར་གྱིས་ཁྲིམས་འགལ་སྒོ་ནས་དབང་བསྒྱུར་མཚམས་འཇོག་ཡོང་ཕྱིར་ཧུར་བརྩོན་ཆེན་པོའི་སྒོ་ནས་ལས་དོན་སྤེལ་གྱི་ཡོད་ལུགས་ཀྱང་བརྗོད་ཡོད་པའི་གནས་ཚུལ་འདུག