འཇིགས་སྐུལ་དྲག་སྤྱོད་འགོ་ཁྲིད་ལ་འཇོག་པའི་བྱ་ཐབས།

འཇིགས་བསྐུལ་དྲག་སྤྱོད་པའི་ཚོགས་པ་ལཤི་ཀར་ཨེ་ཏོའེ་སྦ་ཞེས་པའི་ཚོགས་པ་དེའི་འགོ་འཁྲིད་རང་ཁྱིམ་ནས་ཕྱིར་ཐོན་རྒྱུར་བཀག་འགོག

2009.09.21

༄༅༎པ་ཀི་སི་ཐན་གཞུང་གིས་སྔ་ལོ་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་གཏོང་མཁན་གྱི་ཚོགས་པ་དེའི་འགོ་འཁྲིད་རང་གི་ནང་ཁྱིམ་ནས་ཕྱིར་ཐོན་རྒྱུར་བཀག་འགོག་བྱས་ཡོད་པ་རེད།

རེས་གཟའ་ཟླ་བ་ཉིན་པ་ཀི་སི་ཐན་གྱི་ལཱ་ཧོར་གྲོང་ཁྱེར་གྱི་བསྐོར་སྲུང་བས་ཧ་ཕིཛ་མུ་ཧ་མརྡ་ས་ཨིརྡ་ཁ་ཆེའི་ཨི་རྡི་ཞེས་པའི་དུས་ཆེན་དེ་སྲུང་བརྩི་ཞུ་རྒྱུར་རང་གི་ནང་ཁྱིམ་ནས་ཕྱིར་ཐོན་རྒྱུར་བཀག་འགོག་བྱས་ཡོད་པ་རེད། ཁོ་པ་སྔ་ལོ་ཕྱི་ཟླ་བཅུ་གཅིག་ནང་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་གཏོར་རྒོལ་ཐོག་མི་གྲངས་༡༦༦ཡི་ཚེ་སྲོག་ལེན་མཁན་གྱི་འཇིགས་བསྐུལ་དྲག་སྤྱོད་པའི་ཚོགས་པ་ལཤི་ཀར་ཨེ་ཏོའེ་སྦ་ཞེས་པའི་ཚོགས་པ་དེའི་འགོ་འཁྲིད་ཡིན་པ་རེད། བསྐོར་སྲུང་བའི་དཔོན་རིགས་སྐུ་ཞབས་སོ་ཧེལ་སུ་ཁེ་རི་ཡིས་ང་ཚོར་གཞུང་གིས་ངག་ཐོག་ནས་ཁོ་པ་འགྲོ་འོང་ཐོག་བཀག་འགོག་བྱེད་དགོས་པའི་བཀའ་བཏང་བྱུང་ ང་ཚོས་ཁོ་པ་ནང་ཁྱིམ་ནས་ཕྱིར་ཐོན་ཆོག་གི་མ་རེད་ཅེས་བཤད་ཡོད་ཅེས་བརྗོད་འདུག ཡང་རེས་གཟའ་སྤེན་པའི་ཉིན་པ་ཀི་སི་ཐན་གྱི་ནང་སྲིད་བློན་ཆེན་སྐུ་ཞབས་རེ་མའན་མ་ལིཀ་ཡིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཧ་ཕིཛ་མུ་ཧ་མརྡ་ས་ཨིརྡ་ལ་ད་ལྟ་འདྲི་རྩད་བྱེད་བཞིན་ཡོད་སྐོར་གསུངས་འདུག དེ་ཡང་ཁོང་གིས་ང་ཚོར་དཔང་རྟགས་ཡོད་ན་འཛིན་བཟུང་བྱེད་ཀྱི་རེད། ཁོ་པར་དཔང་རྟགས་ཐོན་པ་ཡིན་ན་ཁོ་པ་ཁྲིམས་ཀྱི་མདུན་ནས་ཐར་ཐབས་མེད་པ་རེད་ཅེས་གསུངས་འདུག པ་ཀི་སི་ཏན་གཞུང་གིས་ས་ཨིརྡ་སྔ་ལོ་ཕྱི་ཟླ་བཅུ་གཉིས་པའི་ནང་འཛིན་བཟུང་བྱས་པའི་རྗེས་ཁོ་པར་དཔང་རྟགས་དེ་ཁུངས་འཕེར་མེད་པའི་རྒྱུ་མཚན་ཐོག་ཁོ་པ་འདི་ལོ་ཕྱི་ཟླ་དྲུག་པའི་ནང་གློད་བཀྲོལ་བཏང་བའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎