བོད་དུ་རླན་གཤེར་ལ་རྟེན་པའི་འདབ་ཆཌ་སྲུང་སྐྱོབ།
2011.10.17
༄༅༎རྒྱ་ནག་ཤིན་ཧྭ་གསར་ཤོག་ནང་གནས་ཚུལ་བཀོད་པའི་ནང་བོད་ཀྱི་ཤིང་ནགས་ལས་དོིན་ལྷན་ཁང་གི་སྤྱི་ཁྱབ་ལེ་ཀུའེ་ལོང་གིས་འགྲེལ་བརྗོད་བྱས་ཡོད་པར་འདས་པའི་ལོ་ལྔའི་རིང་བོད་ཀྱི་ཁོར་ཡུག་འབྱུང་ཁམས་དང་རང་བཞིན་རླན་གཤེར་ལ་རྟེན་པའི་རི་དྭགས་སེམས་ཅན་དང་འདབ་ཆགས་སྲུང་སྐྱོབ་ཀྱི་ལས་དོན་གང་ཡག་བྱུང་ཡོད་པའི་སྐོར་དང།
རླན་གཤེར་གྱི་རང་བཞིན་ཡུལ་ལྗོངས་སྲུང་སྐྱོབ་བྱ་རྒྱུ་དེ་རྒྱལ་སྤྱིའི་ཐོག་ལའང་གལ་ཆེར་འཛིན་གྱི་ཡོད་པ་དང་ལྷག་དོན་དུ་བོད་ནང་གི་མ་ཕམ་གཡུ་མཚོ་ལ་སོགས་པའི་བོད་ནང་གི་འདམ་རྩ་རླན་གཤེར་གྱི་མཚོ་དང་མཚེའུ་སོགས་མང་པོ་ཡོད་པ་དེ་ཚོ་སྲུང་སྐྱོབ་བྱ་རྒྱུ་ནི་དེ་བས་གལ་ཆེར་འཛིན་གྱི་ཡོད་པ་རེད། འདི་ལོ་སྤྱི་ཟླ་གསུམ་པ་ནས་བཟུང་རླན་གཤེར་སྲུང་སྐྱོབ་བྱེད་ཁུལ་གྱི་ས་གནས་ཁག་གི་ནང་འདབ་ཆགས་ཀྱི་སྒོང་ང་སོགས་གང་བྱུང་འཁྱེར་མི་ཆོག་པ་སོགས་ཀྱི་དམ་བསྒྲགས་དང་ས་ཁུལ་མང་པོའི་ནང་གང་བྱུང་བསྐྱོད་མི་ཆོག་པའི་བཀོད་སྒྲིག་ཀྱང་བྱས་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།
བོད་ནི་རྒྱ་ནག་གི་ནང་བརྒྱ་ཆ་བཅུའི་རླན་གཤེར་གྱི་མངའ་ཁུལ་ཟིན་གྱི་ཡོད་པ་དེ་ཚོའི་ནང་རྩ་ཆེའི་རི་དྭགས་སེམས་ཅན་གཙོད་དང། ཁྲུང་ཁྲུང་སྐྱེ་ནག་སོགས་མང་པོ་ཡོད་པ་དེ་ཚོ་འཛམ་གླིང་ནང་མཐོང་རྒྱུ་དཀོན་པའི་རྩ་ཆེའི་སེམས་ཅན་དང་མཛེས་སྡུག་ལྡན་པའི་རླན་གཤེར་གྱི་ཡུལ་ལྗོངས་བོད་ནང་ཡོིད་པ་དེ་ཚོ་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ངོ་སྤྲོད་བྱས་འདུག༎༎