བོད་རིགས་སྨན་པར་རྒྱ་གར་གཞུང་གིས་དེབ་སྐྱེལ་ཆོག་མཆན་གནང་བ།


2015.01.20
བོད་པའི་སོའི་སྨན་པ་དཀོན་མཆོག་སྒྲོལ་མ་ལགས་ཀར་ན་ཊ་ཀ་མངའ་སྡེའི་སྨན་པའི་ལྷན་ཚོགས་ནང་ཐོག་འགོད་གནང་ཐུབ་པ།
པདྨ་དངོས་གྲུབ།

རྒྱ་གར་གྱི་Karnatakaམངའ་སྡེའི་གཞུང་ནས་བོད་རིགས་སོའི་སྨན་པ་ཞིག་གཞུང་འབྲེལ་དེབ་སྐྱེལ་བྱེད་ཆོག་པའི་ཆོག་མཆན་གནང་འདུག དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དང་། ལྷོ་སྤྱི་ལས་ཁུངས་གཉིས་ཐུན་མོང་གི་ཐོག་ནས་རྒྱ་གར་ལྷོ་ཕྱོགས་ཀར་ན་དྲ་ཀ་མངའ་སྡེའི་གཞུང་གི་འབྲེལ་ཡོད་ཚོར་སྔ་ལོ་ཕྱི་ལོ་༢༠༡༤ལོའི་བོད་མི་སྐྱབས་བཅོལ་བ་ཚོའི་ཐོག་འཛིན་རྒྱུའི་སྲིད་བྱུས་གཞིར་བཟུང་ཞུ་གཏུགས་རིམ་པ་གནང་ཡོད་སྟབས། རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་འབྲེལ་ཡོད་ལས་ཁུངས་སུ་བཀའ་ཡིག་གནང་ཡོད་པ་བཅས་གང་ལྟར་ད་རེས་ལྷོ་ཕྱོགས་བྷེ་ལ་ཀོ་པི་གཞིས་ཆགས་ནས་ཡིན་པའི་སོའི་སྨན་པ་དཀོན་མཆོག་སྒྲོལ་མ་ལགས་སུ་མངའ་སྡེའི་སོའི་སྨན་པའི་ལྷན་ཚོགས་སུ་དེབ་སྐྱེལ་བྱེད་ཆོག་པའི་ཆོག་མཆན་གནང་ཡོད་འདུག སྔ་ལོ་རྒྱ་གར་དབུས་གཞུང་ནས་སྐྱབས་བཅོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ཞེས་པའི་གཏན་འབེབས་ཡིག་ཆའི་ནང་། བོད་མི་སྐྱབས་བཅོལ་བ་ཆེད་ལས་ཀྱི་ལས་རིགས་དཔེར་ན། སྨན་པ་དང་། སྨན་ཞབས་པ། དེ་བཞིན་ལུགས་མཐུན་གྱི་ཚོང་ལས་གཉེར་མཁན་སོགས་ནས་རྒྱ་གར་ཡུལ་མི་གཞིར་བཟུང་རྒྱ་གར་གྱི་ལས་ཁུངས་ཁག་ནང་ལས་ཀ་བྱེད་ཆོག་པ་དང་། ཡང་ན་མཐོ་རིམ་སློབ་གཉེར་བྱེད་ཆོག་པའི་ཐོབ་ཐང་འདྲ་མཉམ་ཡོད་ལུགས་གསུངས་ཡོད་པ་རེད། གོང་ཞུས་སྲིད་བྱུས་དེའི་སྐོར་རྒྱ་གར་དབུས་གཞུང་ནས་མངའ་སྡེ་སོ་སོར་གསལ་བསྒྲགས་གནང་ཡོད་པ་མ་ཟད་མངའ་སྡེ་སོ་སོའི་ནང་། བོད་མི་ཚོས་བདེ་སྡུག་ཞུ་ཡུལ་ཡོད་པ་ཞིག་ཀྱང་ཆགས་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

ཞིབ་ཕྲ་འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།


གསར་འགོད་པ་པདྨ་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎