རྒྱ་གར་ནང་ཀིརྟི་རིན་པོ་ཆེས་རྒྱ་ནག་གཞུང་ལ་འབོད་སྐུལ།

ཀིརྟི་རིན་པོ་ཆེས་རྒྱ་ནག་གཞུང་ལ་རྔ་པའི་དགོན་གྲོང་གཉིས་ལ་དམ་བསྒྲགས་ཤུགས་ཆེན་བྱེད་བཞིན་པ་མཚམས་འཇོག་དགོས་པའི་འབོད་སྐུལ།

2011.04.13

༄༅༎བཞུགས་སྒར་རྡ་རམ་ས་ལ་ནས་ཀིརྟི་རིན་པོ་ཆེ་མཆོག་གིས་རྒྱ་ནག་དབུས་གཞུང་དང་ ཟི་ཁྲོན་ཞིང་ཆེན་ རྔ་པ་ཁུལ་དང་རྫོང་བཅས་ཀྱི་མཐོ་རིམ་འགོ་ཁྲིད་ཚོའི་མཚན་ཐོག་ལ་རྔ་པའི་དགོན་གྲོང་གཉིས་ལ་དམ་བསྒྲགས་ཤུགས་ཆེན་བྱེད་བཞིན་པ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཞིག་ཕུལ་གནང་ཡོད་འདུག

ཞུ་ཡིག་དེའི་ནང་ད་ལམ་རྔ་པ་ཀིརྟིའི་དགོན་པར་དྲག་པོའི་དམག་དཔུང་དང་ལས་བྱེད་མཉམ་འབྲེལ་གྱིས་ཆེས་ཛ་དྲག་གི་སྒོ་ནས་དྲག་གནོན་དམ་བསྒྲགས་ཤུགས་ཆེའི་འོག་རང་དབང་ཐམས་ཅད་བཙན་འཕྲོག་གིས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བཏང་སྟེ་སྡུག་བསྔལ་ཤུགས་ཆེ་མྱོང་བཞིན་པར་བློ་ཕམ་ཚད་མེད་དང་འབྲེལ་མེ་ཚིག་མེར་གཏུགསཀྱིས་རེ་འདུན་ཞུ་རྒྱུར་ཀིརྟི་དགོན་པ་དང་འབྲེལ་ཡོད་སེར་སྐྱ་མི་མང་དང་བཅས་པར་གང་བྱུང་གིས་འཇིགས་སྐུལ་དྲག་གནོན་དང་ གཡོ་ཐབས་སྣ་ཚོགས་ཀྱིས་སུན་བཙིར་བཟོ་བཞིན་པར་འབྲས་བུ་ལེགས་པ་ཞིག་ཐོན་རྒྱུ་རྩ་བ་ནས་མེད་པས་བྱ་སྤྱོད་དེ་རིགས་མྱུར་དུ་མཚམས་འཇོག་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད་ དེ་གར་དོན་རྐྱེན་ལྷག་པའི་འབྱུང་རྩ་ནི་རྒྱ་ནག་གཞུང་གི་གནང་ཕྱོགས་ལ་མི་མང་གི་བློ་ཁ་མ་ཁེངས་པས་ཡིན་ན་ཡང་ རྒྱུ་མཚན་གཞན་སྣ་ཚོགས་ཡོད་ཚུལ་གོང་རིམ་ལ་ཞུ་མཁན་ཡོད་ཚེ་རྫུན་ཞུས་ཀྱིས་གཞུང་དང་མི་མང་དབར་རྒྱང་ཐག་རིང་དུ་བཏང་བའི་བྱ་སྤྱོད་ཡིན་པས་སྲིད་འཛིན་ལྦུའུ་ཇིང་ཐའོ་ཡིས་འཆམ་མཐུན་གྱི་སྤྱི་ཚོགས་ཞེས་གསུངས་བའི་དགོངས་དོན་དང་དངོས་སུ་འགལ་བའི་བྱ་སྤྱོད་ལག་ལེན་དུ་བསྟར་བ་ཞིག་མ་རེད་དམ་ ད་ལྟའི་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ལ་ལག་ལེན་བསྟར་བཞིན་པའི་སྲིད་བྱུས་འདི་ནི་གྲལ་རིམ་འཐབ་རྩོད་སྐབས་ཀྱི་ལམ་སྲོལ་རྙིང་རུལ་ཅན་དེ་རེད་   མི་མང་ནི་དཔལ་འབྱོར་དང་དྲིལ་བསྒྲགས་ཁོ་ནས་དབང་བསྒྱུར་ཐུབ་བསམ་པ་ནི་ནོར་འཁྲུལ་གྱི་བསམ་བློ་ཡིན་པ་མཁྱེན་དགོས་ མེ་མདའི་ཁ་ནས་སྲིད་དབང་འཛིན་ཞེས་པའི་དུས་ཚོད་ཡོལ་ཟིན་ནའང་  དུས་དང་བསྟུན་མ་ཤེས་པར་ད་དུང་ཡང་མེ་མདའི་ཁ་ནས་སྲིད་དབང་འཛིན་ཐབས་བྱས་ཚེ་ལམ་ལྷོ་ཡོང་རྒྱུའི་ཚབ་ཏུ་གཞུང་དམངས་དབར་གདོང་ཐུག་དང་ཆག་སྒོ་ཕྱོགས་གང་ས་ནས་རྒྱུན་མི་ཆད་པར་ཡོང་བ་ཆོས་ཉིད་ཡིན་པས་རྐྱེན་ངན་སྔོན་འགོག་ཆེད་རྒྱ་ནག་གཞུང་དང་མི་མང་བཅས་པར་ཕན་པའི་ལྷག་བསམ་དྲན་བསྐུལ་ཞུ་བ་དང་ འགོ་ཁྲིད་ཀྱིས་རང་གི་མི་མང་ལ་ཡིད་ཆེས་སྐྱེ་མི་ཐུབ་པར་དོགས་ཟོན་ཁོ་ནས་བཙིར་གནོན་དམ་བསྒྲགས་བྱས་ཚེ་ མི་མང་གི་སེམས་ཀྱི་རྨ་ཁ་ཇེ་ཆེ་དང་ གཞུང་དམངས་གདོང་ཐུག་ཡོང་རྒྱུ་ཁོ་ན་ལས་འཆམ་མཐུན་ཡོངས་ཐབས་བྲལ་བས་ རྩུབ་སྤྱོད་འདིའི་རིགས་རྒྱལ་ཡོངས་སྤྱི་དང་ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཐམས་ཅད་ལ་མྱུར་དུ་མཚམས་འཇོག་ཡོང་བའི་རེ་སྐུལ་ནན་པོ་ཞུ་བཞིན་ཡོད་སོགས་འཁོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎