མདོ་སྨད་རྔ་བ་ནས་དགེ་འདུན་པ་ཕུན་ཚོགས་ཀྱིས་ཞི་བའི་སྐད་འབོད།


2015.03.08
གྲྭ་ཕུན་ཚོགས་བཙན་ཁྲིད་བྱས་འདུག ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ནས་བོད་དོན་ཆེད་ཁྲོམ་སྐོར་སྐད་འབོད་གནང་སྐབས། ༢༠༡༥།༣།༨
བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

མདོ་སྨད་རྔ་བ་ནས་དགེ་འདུན་པ་ཕུན་ཚོགས་ཀྱིས་བོད་ལ་རང་དབང་དགོས་བའི་ཞི་བའི་སྐད་འབོད་བྱས་རྗེས་འཇུ་བཟུང་བྱས་འདུག
དེ་ཡང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ཟླ་༣པའི་ཚེས༨ཉིན་གྱི་ཉིན་གུང་ཙམ་ལ་དགེ་འདུན་པ་ཕུན་ཚོགས་ཞུ་བས་རྔ་བ་རྫོང་མཁར་གྱི་གཞུང་ལམ་སྟེང་ནས་༧གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་མཁའ་ལ་འཕྱར་བཞིན་བོད་ལ་རང་དབང་དགོས་པའི་ཞི་སྐད་འབོད་བྱས་ཡོད་པ་དང་། རིང་བོ་མ་སོང་བར་ས་གནས་རྒྱ་ནག་གི་ཉེན་རྟོག་པ་ཚོས་གཅར་རྡུང་དྲག་པོས་འཇུ་བཟུང་བྱས་འདུག ས་གནས་བོད་མི་ཞིག་གིས་བརྗོད་དོན། དགེ་འདུན་པ་ཁོས་༧གོང་ས་མཆོག་བོད་ལ་ཕེབས་སུ་འཇུག་དགོས། བོད་ལ་རང་དབང་དང་འདྲ་མཉམ་དགོས། བོད་ལ་རང་དབང་མེད་པའི་སྡུག་བསྔལ་བཟོད་ཐབས་མི་འདུག ༧གོང་ས་མཆོག་ཁྲི་ལོར་བསྟན་པར་ཤོག་ཅེས་ཞི་བའི་འབོད་སྒྲ་སྒྲོག་ཡོད་པ་བརྗོད་བྱུང་།
སྔ་ས་ནས་ས་གནས་གང་སར་ཡོད་པའི་རྒྱ་ནག་གི་ཉེན་རྟོག་པ་ཚོས་ཁོང་འཇུ་བཟུང་བྱས་རྗེས་ཀྱི་གནས་སྟངས་གསལ་བོ་མེད་པ་རེད།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་འདི་གར་གནས་ཚུལ་བཏང་བ་ལྟར་ན། ཕུན་ཚོགས་ལགས་ནི་རྔ་བ་རྫོང་གཅའ་ཡུལ་ཚོའི་ཕྱུགས་ལས་འགབ་མའི་ཕ་བཀྲ་རྒྱ་དང་། མ་རིག་གོ་གཉིས་ཀྱི་བུ་རང་ལོ་༡༨ཙམ་ཡིན་ཞིང་། ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་ལོ་སྔོན་མའི་ནང་སྔོན་འགྲོའི་འཛིན་གྲྭ་ཁག་མཐར་ཕྱིན་ཡོད་འདུག
དེ་བཞིན་རྔ་བ་སྤྲོ་ཚིགས་ནས་ཡིན་པའི་བུད་མེད་དགུང་ལོ༤༧ཅན་གྱི་ནོར་ཕྱུགས་ཞེས་བས་རྒྱ་ནག་གི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཡོང་བཞིན་པ་དང་། རྒྱ་ནག་གཞུང་གིས་སྔ་ས་ནས་སུམ་ཅུའི་དུས་དྲན་སླེབས་ལ་ཉེན་བར་བརྟེན་རྒྱ་ནག་གི་སྤྱི་བདེ་ཚན་པ་དང་། དམག་མི་ཇེ་མང་ལ་བཏང་ནས་བོད་ནང་ཁུལ་ལ་དམ་དྲག་ཇེ་ཆེར་བཏང་ཡོད་པ་ཉིན་ཤས་གོང་ནས་ཕྱི་ཕྱོགས་ཀྱི་གསར་ལམ་ཁག་ལ་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎