༸གོང་ས་མཆོག་ནས་འབར་མའི་རྐྱེན་ངན་ལ་ཐུཊ་འཚབ།
2008.05.14
༄༅༎༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། འབར་མའི་ནང་རླུང་འཚུབ་དྲག་པོ་རྒྱབ་པའི་དོན་རྐྱེན་ལ་ཐུགས་འཚབ་ཆེན་པོ་ཡོད་ལུགས་བཀའ་གནང་
འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འབར་མའི་ནང༌། ཉེ་ཆར་རླུང་འཚུབ་དྲག་པོ་རྒྱབ་པའི་རྐྱེན་གྱིས་མི་རྒྱུ་གཉིས་ལ་དོ་ཕོག་ཧ་ཅང་
ཆེན་པོ་ཐེབས་ཡོད་པར་ཐུགས་འཚབ་ཆེན་པོ་གནང་ཡོད་པ་དང༌། ལྷག་པར་དུ་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་སྤྱི་ཁྱབ་ཀྱི་མཚན་ཐོག་ཐུགས་གསོའི་བཀའ་ཡིག་དང༌སྦྲགས་ཁུལ་དེའི་མང་ཚོགས་ཀྱི་ཛ་དྲག་གནས་སྟངས་ལ་ཨ་རིའི་ཌོ་ལར་ལྔ་ཁྲི་ཐམས་པའི་ཞལ་འདེབས་གནང་མཛད་ཡོད་པ་རེད། ༸གོང་ས་མཆོག་གི་བཀའ་ཡིག་དེའི་ནང་། འབར་མ་ནང་ཉེ་ཆར་བྱུང་གཞིའི་དོན་རྐྱེན་དེས་དབུལ་ཞིང་ཕོངས་པའི་རྒྱལ་ཁབ་དེར་དཀའ་ངལ་འཕར་མ་ཞིག་ཆགས་ཡོད་པ་དང༌། དོན་རྐྱེན་དེའི་འོག་དོ་ཕོག་ཤུགས་ཆེ་ཐེབས་པར་ཐུགས་ཕམ་ཧ་ཅང་ཆེན་པོ་བྱུང་ཞེས་བཀའ་གནང་ཡོད་པ་རེད། སྤྱི་བཏང་འབར་མའི་ནང་རླུང་འཚུབ་དྲག་པོས
ཚེ་སྲོག་ཤོར་བ་དང། ས་ཡ་འགའ་ཤས་ཀྱི་སྡོད་ཁྱིམ་ཤུལ་མེད་བཟོས་ཡོད་པ་རེད། འོན་ཀྱང་འབར་མའི་དྲག་པོའི་སྲིད་གཞུང་ནས་རྒྱལ་སྤྱིའི་མཐུན་འགྱུར་རོགས་རམ་ལེན་རྒྱུར་དམ་བསྒྲགས་བྱས་དང་བྱེད་བཞིན་ཡོད་པ་རེད༎