ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་གི་གནས་ཚུལ་སང་ཉིན་བསྒྲགས་འཆར་འདུག
2018.11.21

སྔ་འགྱུར་རྙིང་མའི་དབུ་འཛིན་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་གློ་བུར་དགོངས་པ་རྫོགས་སྐོར་གྱི་གནས་ཚུལ་ཞིག་བརྒྱུད་ལམ་ཁག་ལ་ཐོན་བཞིན་ཡོད་ཀྱང་དོན་དངོས་ཡིན་མིན་སང་ཉིན་ཚེས་༢༢་ཉིན་ཕྱི་བསྒྲགས་གནང་འཆར་ཡོད་འདུག
དེ་ཡང་གནས་ཚུལ་དེ་གོ་མ་ཐག་འདི་ག་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པ། བལ་ཡུལ་ཡང་ལེ་ཤོད་དུ་ཡོད་པའི་གདན་ས་སྔ་འགྱུར་སྔ་འགྱུར་ཀཿཐོག་ཨ་འཛོམ་འོད་གསལ་མདོ་སྔགས་གླིང་དུ་ཆེད་བཅར་ཀྱིས་འབྲེལ་ཡོད་ལས་བྱེད་དགེ་འདུན་པ་ཞིག་ལ་འདྲི་རྩད་ཞུས་སྐབས། ཁོང་གིས། སྤྱི་ཚོགས་བརྒྱུད་ལམ་ཁག་དུ་ཐོན་བཞིན་པའི་རིན་པོ་ཆེའི་སྐོར་གྱི་གནས་ཚུལ་ཐད་དེ་རིང་གསལ་བཤད་གང་ཡང་མེད། སང་ཉིན་ཕྱི་ཚེས་༢༢་ཉིན་ཡིག་ཐོག་ནས་ཁ་གསལ་གཏིང་གསལ་གྱི་གནས་ཚུལ་ཕྱི་བསྒྲགས་གནང་འཆར་ཡོད་ཞེས་འདི་ག་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ་ཀུན་བཟང་བསྟན་འཛིན།