བོད་མིའི་འཐབ་རྩོད་ནི་བོད་དང་རྒྱ་ནག་དབར་གྱི་གནད་དོན་ཡིན།

རྒྱལ་བ་ཀརྨ་པ་མཆོག་གིས་བོད་མིའི་འཐབ་རྩོད་ནི་བོད་དང་རྒྱ་ནག་དབར་གྱི་གནད་དོན་ཞིག་རེད་ཅེས་འདྲི་བར་བཀའ་ལན་གནང་ཡོད་པ་རེད་

2010.02.27

༄༅༎རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་བོད་མིའི་འཐབ་རྩོད་ནི་བོད་དང་རྒྱ་ནག་དབར་གྱི་གནད་དོན་ཞིག་རེད་ཅེས་ཁད་ཉིན་གཟའ་པ་སངས་ཉིན་རྒྱ་གར་ལྷོ་ཤར་མངའ་སྡེ་ཀེ་ར་ལའི་རྒྱལ་ས་ཐི་རུ་ལྦ་ནན་ཐ་པུ་རམ་ལ་གསར་འགོད་པ་ཚོའི་འདྲི་བར་བཀའ་ལན་གནང་ཡོད་པ་རེད་

ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་ཉེ་ཆར་བོད་མིའི་དབུ་ཁྲིད་ཏྰ་ལའི་བླ་མ་མཆོག་མཇལ་འཕྲད་གནང་བའི་མཇུག་འབྲས་སུ་ བོད་མི་མང་པོའི་སེམས་བརྒྱུད་ལ་རྒྱ་བོད་དབར་གྱི་འབྲེལ་བའི་ཐད་རེ་བའི་མེ་ལྕེ་གསར་པ་སྤར་ཡོག་རེད་ ཡིན་ནའང་གཞི་རྩའི་ཐོག་ནས་ བོད་མིའི་རྩ་དོན་འཐབ་རྩོད་ནི་བོད་དང་རྒྱ་ནག་དབར་གྱི་གནད་དོན་ཞིག་རེད་ཅེས་གསར་འགོད་པར་བཀའ་གནང་ཡོད་པ་རེད་ མ་གཞི་ནས་ ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་ནི་བོད་མིའི་དབུ་ཁྲིད་ཏྰ་ལའི་བླ་མ་མཆོག་མཇལ་འཕྲད་གནང་མཁན་ཨ་མི་རི་ཀའི་སྲིད་འཛིན་དང་པོ་དེ་མ་རེད་ཅེས་གསལ་བཤད་གནང་ཡོད་པ་རེད་ སྐབས་དེར་རྒྱ་གར་གཞུང་གིས་ད་བར་བོད་མི་བཙན་བྱོལ་བ་ཚོར་འཚོ་གནས་རོགས་སྐྱབས་སྩལ་བ་དང་རྒྱ་གར་ནང་བོད་མིའི་རིག་གཞུང་མི་ཉམས་གཅེས་འཛིན་བྱ་རུ་བཅུག་པར་བཅོས་མིན་ཐུགས་རྗེ་ཆེ་ཞུ་གི་ཡོད་ཅེས་ཀྱང་རྒྱལ་བ་ཀརྨ་པ་མཆོག་གིས་གསུང་ཡོད་པ་རེད་ རྒྱལ་བ་ཀརྨ་པ་མཆོག་གིས་བོད་ནང་མུ་མཐུད་བཞུགས་མ་གནང་བའི་རྒྱུ་མཚན་སྐོར་གསར་འགོད་པ་གཅིག་གིས་བཀའ་འདྲི་ཞུས་པའི་བཀའ་ལན་དུ་གལ་སྲིད་རིན་པོ་ཆེ་མཆོག་གིས་བོད་ནང་མུ་མཐུད་བཞུགས་གནང་བ་ཡིན་ན་ཁོང་ ཀརྨ་པ་ཡིན་པའི་ཆ་ནས་ཆོས་ཕྱོགས་ཀྱི་ཐུགས་འཁུར་ཁག་བཞེས་རྒྱུར་རྒྱ་ནག་གཞུང་གིས་བཏང་འཛིན་བྱེད་ཀྱི་རེད་ཅེས་དང་དེ་བཞིན་རིན་པོ་ཆེའི་ཡོངས་འཛིན་རྣམ་པ་ཚོས་རྒྱ་གར་ནས་བོད་དུ་ཕེབས་མི་ཐུབ་པ་དང་རིན་པོ་ཆེ་སྐུ་ཉིད་ཀྱིས་རྒྱ་གར་དུ་སློབ་དཔོན་འཚོལ་བར་ཆིབས་བསྒྱུར་གནང་མི་ཐུབ་པའི་ཉེར་ལེན་ལ་བརྟེན་ནས་རིན་པོ་ཆེས་སྲོལ་རྒྱུན་གྱི་སྐུ་ཡོན་གསན་སྦྱོང་གནང་རྒྱུར་དཀའ་སྡུག་མྱོང་གི་འདུག་ཅེས་བཀའ་ལན་སྩལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎