ཀརྨ་པ་མཆོག་ནས་ལ་དྭགས་ལ་སློབ་གྲྭ་ཞིག་དབུ་འབྱེད་གནང་བ།

རྒྱལ་བ་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནས་རྒྱ་གར་ལ་དྭགས་ཁུལ་གྱི་སླེ་གྲོང་ཁྱེར་དུ་སློབ་གྲྭ་གསར་པ་ཞིག་དབུ་འབྱེད་གནང་ཡོད་འདུག

2008.09.11

༄༅༎རྒྱལ་བ་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དེང་རྒྱ་གར་ལ་དྭགས་ཁུལ་དུ་ཆོས་འབྲེལ་གྱི་མཛད་འཕྲིན་སྐྱོངས་གནང་མཛད་བཞིན་པ་རེད་ ཁ་ས་ཚེས་༡༡ཉིན་སླེ་གྲོང་ཁྱེར་རུ་ཀརྨ་པ་མཆོག་ནས་དབུ་འབྱེད་གནང་པའི་སློབ་གྲྭ་གསར་པ་དེ་བཞིན་ དེ་སྔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེའི་ནང་ཆིབས་བསྒྱུར་བསྐྱངས་གནང་མཛད་སྐབས་ ཁུལ་དེའི་ནང་གི་ན་གཞོན་སློབ་ཕྲུག་དང་ལྷག་པར་དུ་མཐའ་ཁུལ་འབྲོག་སའི་ཕྲུ་གུ་ཚོར་ ནང་ཆོས་དང་ཚན་རིག་སློབ་འཁྲིད་ཀྱི་གོ་སྐབས་བསྐྲུན་གལ་ཆེ་བའི་བཀའ་སློབ་ཕེབས་པ་ལྟར་ ཆེ་རི་ཊ་སྦལ་ཀྲ་ར་སེ་འམ་ ༸གོང་ས་མཆོག་གི་དགེ་རྩ་ཚོགས་པ་ནས་ དཔལ་འབྱོར་གྱི་རྒྱབ་གཉེར་གནང་པའི་ཐོག་ན་ལན་ཌ་ནང་པའི་ཆོས་ཚོགས་ཀྱི་འཛིན་སྐྱོང་འོག་སློབ་གྲྭ་གསར་འཛུགས་ཞུས་ཡོད་འདུག སློབ་གྲྭ་དེའི་ནང་སློབ་ཞུགས་ཐོག་མའི་གྲས་སུ་ ལ་དྭགས་ཀྱི་མཐའ་ཁུལ་རྡ་ཧ་ནུ་འབྲོག་སའི་ས་ཁུལ་གྱི་ཕྲུ་གུ་ཁག་ཡིན་པ་རེད་ རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ནས་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་གྱི་མཛད་འཆར་གྲུབ་མཚམས་ ཧི་མ་ཅལ་མངའ་སྡེའི་ནང་གི་ལ་ཧོལ་དང་སི་པི་ཊི་ཁུལ་དུ་ཆོས་འབྲེལ་གྱི་མཛད་འཆར་བསྐྱངས་རྒྱུ་དང་ ལྷག་པར་དུ་ཁུལ་དེའི་ནང་ཡོད་པའི་སྙན་གྲགས་ཅན་གྱི་ཏ་པོ་དགོན་པར་ཕེབས་ཀྱི་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎