སྐལ་བཟང་བསྟན་འཛིན་བཙོན་གྲོལ་ཐོབ་པར་ཕེབས་བསུ།


2013.12.19
སྐལ་བཟང་བསྟན་འཛིན་ལགས་བཙོན་གྲོལ་ཐོབ་ནས་རང་ཡུལ་དུ་འབྱོར་སྐབས། སྐལ་བཟང་བསྟན་འཛིན་བཙོན་གྲོལ་ཐོབ་པར་ཕེབས་བསུ།
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།་བོད་འབྱོར།

དཀར་མཛེས་ཕྱོགས་ཀྱི་ཆབ་སྲིད་བཙོན་པ་སྐལ་བཟང་བསྟན་འཛིན་ལགས་བཙོན་གྲོལ་ཐོབ་པར་ས་གནས་མང་ཚོགས་ཚོས་ཕེབས་བསུ་གཟབ་རྒྱས་བྱས་འདུག
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཁམས་དཀར་མཛེས་ཁུལ་དཀར་མཛེས་རྫོང་ནས་ཡིན་པའི་སྐལ་བཟང་བསྟན་འཛིན་ལགས་ཀྱིས་སྤྱི་ལོ་༢༠༡༢ལོའི་སྤྱི་ཟླ་༧པའི་ཚེས་༤ ཉིན་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་རྒྱ་ནག་སྲིད་གཞུང་ལ་ཞི་རྒོལ་དང་མཉམ་༧རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས། ང་ཚོ་བོད་ལ་རང་དབང་དགོས་ཞེས་འབོད་སྒྲ་བསྒྲགས་ནས་ངོ་རྒོལ་བྱེད་སྐབས་རྫོང་ཉེན་རྟོག་པས་གཅར་རྡུང་གཏོང་ཞོར་འཛིན་བཟུང་གིས་ལོ་གསུམ་གྱི་དུས་བཀག་ཁྲིམས་ཆད་བཅད་པ་དང་། ཟི་ཁྲོན་མེན་ཡཱང་བཙོན་ཁང་དུ་བཅུག་ཡོད་ཀྱང་། ད་ཆ་རྒྱ་ནག་སྲིད་གཞུང་གིས་མེན་ཡཱང་བཙོན་ཁང་དེར་བསྒྱུར་བཅོས་གཏོང་དགོས་པ་སོགས་ཀྱི་ཆབ་སྲིད་ཀྱི་འགྱུར་བའི་དབང་གིས་བཙོན་ཁང་དེའི་ནང་གི་བཙོན་པ་མང་པོ་ཞིག་གློད་གྲོལ་གཏོང་གི་ཡོད་པ་ལྟར། ཟླ་བ་འདིའི་ཚེས་༡༥་ཉིན་བོད་མི་ཆབ་སྲིད་བཙོན་པ་སྐལ་བཟང་བསྟན་འཛིན་ལགས་ཡང་བཙོན་དུས་མ་ཚང་ཡང་གློད་གྲོལ་བཏང་ནས་ཕྱིར་རང་ཡུལ་དུ་ལོག་སྐབས་ནང་མི་གཉེན་ཉེ་དང་། ཡུལ་མི་ས་གནས་བོད་མི་ཚོས་ཁ་བཏགས་སྒྲོན་པ་སོགས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་འདུག
ཁོང་ད་ལྟ་དགུང་ལོ་༢༣་ཡིན་པ་དང་། སྐལ་བཟང་བསྟན་འཛིན་ནམ་མཚན་གཞན་ལ་སྐལ་བོ་ལགས་ནི་དཀར་མཛེས་རྫོང་མཐིང་ཁ་ཤང་རུ་ཁག་གཉིས་པའི་ཕ་བློ་བཟང་རྒྱལ་མཚན་དང་། མ་བཀྲ་ཤིས་མཁའ་འགྲོ་གཉིས་ཀྱི་བུ་ཡིན་པ་རེད་འདུག

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎