བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་མཛད་འཆར།

བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ནས་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་དང་ས་ཧ་རན་པུར་གྲོང་ཁྱེར་བཅས་སུ་ཕེབས་བསྐྱོད་གནང་བ།

2010.09.23

༄༅༎བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཌ་ལ་ཧོ་སེ་ཕུན་ཚོགས་གླིང་དང་རྡེ་ར་དྲུན་ཁུལ་གྱི་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་དང་ས་ཧ་རན་པུར་གྲོང་ཁྱེར་བཅས་སུ་ཕེབས་བསྐྱོད་གནང་བའི་སྐོར་གནས་ཚུལ་ཐོན་འདུག་༎

དེ་ཡང་དེ་རིང་ཚེས་༢༢ཉིནབཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ རྒྱ་གར་ནུབ་ཕྱོགས་ཨུཏ་རན་ཅལ་མངའ་སྡེའི་གྲོང་ཁྱེར་ས་ཧ་རན་པུར་རུ་རྟེན་གཞི་བྱས་པའི་Dharma Societyའམ་ནང་པའི་ཆོས་ཚོགས་ཀྱི་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་མཆོག་ཚེས་༢༡ཉིན་གྲོང་ཁྱེར་དེར་ཆིབས་བསྒྱུར་བསྐྱངས་ཏེ་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་ཞིག་དབུ་འབྱེད་གནང་ཡོད་པ་དང་ མཛད་སྒོའི་ཐོག་མངའ་སྡེའི་བློན་ཆེན་དང་དཔོན་རིགས་མི་སྣ་མང་པོ་ཐེ་བས་མི་གྲངས་༡༥༠༠བརྒལ་བ་འདུ་འཛོམས་བྱུང་ཡོད་པ་རེད་

ཀའ་ཁྲི་མཆོག་ནས་ནང་ཆོས་ཐོག་སླབ་པ་སློབ་གཉེར་དང་སྒོམ་ཉམས་ལེན་བྱ་རྒྱུ་ཧ་ཅང་གལ་འགངས་ཆེ་བ་ཡིན་པའི་སྐོར་གསུང་བཤད་ཟབ་མོ་གནང་ཡོད་འདུག ཡང་བཀའ་ཁྲི་མཆོག་ནས་སྟོན་པའི་སྐུ་བརྙན་དབུ་འབྱེད་ཀྱི་མཛད་སྒོ་གྲུབ་རྗེས་གྲོང་ཁྱེར་དེའི་ནང་ཡོད་པའི་གྱན་ཀེ་ལ་ཤེ་ཞེས་པའི་སློབ་གྲྭ་ཞིག་ཏུ་ཆིབས་བསྒྱུར་གནང་སྟེ་སློབ་གྲྭ་དེའི་སློབ་ཕྲུག་རྣམས་ལ་ཤེས་ཡོན་གྱི་གལ་གནད་དང་ནང་ཆོས་ངོ་སྤྲོད་སྐོར་ལ་གསུང་བཤད་ཡོད་པ་རེད་

རྒྱ་གར་ས་ཧ་རན་པུར་གྲོང་ཁྱེར་གྱི་མཛད་འཆར་ལེགས་པར་གྲུབ་རྗེས་བཀའ་ཁྲི་ཟམ་གདོང་རིན་པོ་མཆོག་མངའ་སྡེ་རྒྱལ་ས་རྡེ་ར་དྲུན་ཉེ་འཁྲིས་སུ་ཆགས་པའི་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་བསྐྱོད་གནང་སྟེ་ས་གནས་མི་མང་ལ་བཀའ་སློབ་གསུང་བཤད་མཛད་ཡོད་པ་རེད་ བཀའ་ཁྲི་མཆོག་གིས་མང་ཚོགས་ལ་སྩལ་བའི་གསུང་བཤད་ནང་ གཞིས་ཁོང་བོད་མི་ཚོས་བོད་མི་སུད་ཚོང་བ་དང་དགོན་སྡེ་ཁག་ལ་དཔེ་མཚོན་ལེན་སྟེ་གཞུང་གི་རོགས་དངུལ་ལ་མ་བརྟེན་པར་རང་ཁ་རང་གསོ་བྱེད་དགོས་པའི་སྐུལ་ལྕག་གནང་འདུག

དེའི་གོང་ཚེས་༡༩ཉིན་བཀའ་ཁྲི་མཆོག་ཉིན་གཉིས་ཀྱི་རིང་རྡ་ལ་ཧོ་སེ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་ཚམས་གཟིགས་གནང་ཡོད་པ་དང་ དེར་གནས་སྡོད་ས་གནས་བོད་མི་རྣམས་ལ་བཀའ་ཁྲི་མཆོག་ནས་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་འབྱུང་ཁུངས་དང་རྒྱབ་ལྗོངས་ངོ་སྤྲོེད་དང་འབྲེལ་ས་གནས་འདིར་ཤོས་ཡོན་ཅན་གྱི་མི་སྣ་མང་པོ་ཡོད་པར་བརྟེན་ས་གནས་འགོ་འཛིན་དེ་ས་གནས་རང་ནས་འོས་འདེམས་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་གསུང་བཤད་སྩལ་གནང་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎