བཀའ་ཁྲི་མཆོག་སྦར་སེལ་སི་དུ་གཞུང་འབྲེལ་ཕྱོགས་ཕེབས།
2008.11.27
༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་རྒྱལ་ས་ལྡི་ལི་དང་དེ་ནས་རིམ་པས་སྦར་སེལ་སི་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་ཡོད་འདུག
བོད་གཞུང་གི་དྲ་རྒྱའི་ནང་གསལ་ལྟར་ན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་འདི་ཚེས་ཉི་ཤུ་བདུན་ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་རྒྱལ་ས་ལྡི་ལིའི་ནང་ཉིན་གསུམ་རིང་ཚོགས་རྒྱུའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་ཐོག་མཉམ་ཞུགས་གནང་རྒྱུ་དང་དེ་བཞིན་རྒྱ་གར་གྱི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་གི་ཡོད་འདུག དེ་ནས་རིམ་པས་ཕྱི་ཟླ་བཅུ་གཉིས་པའི་ཚེས་གཉིས་ནས་ལྡི་ལི་ནས་ཕེབས་ཐོན་གྱིས་སྦར་སེལ་སི་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ནས་ཁུལ་དེར་ཚེས་བཞི་བར་མཛད་འཆར་ཁག་ཅིག་ཡོད་འདུག ཕྱི་ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་སྦར་སེལ་སི་ནས་ལྡི་ལིར་ཕྱིར་ཕེབས་ཀྱིས་ཚེ་དྲུག་ཉིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་གནང་གི་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག