བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ཨ་རིར་འཚམས་གཟིགས།

བཀའ་བློན་ཁྲི་པ་མཆོག་ཨ་རིའི་ནུབ་ཕྱོགས་གྲོང་ཁྱེར་ལོ་སེ་ཨེན་ཇེ་ལེ་སི་རུ་ཉིན་གཉིས་རིང་འཚམས་གཟིགས་གནང་བར་ཕེབས་ཀྱི་འདུག

2009.07.08

༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དེ་རིང་དགྲོང་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཕེབས་ཐོན་གྱིས་ལོན་ཌོན་བརྒྱུད་གནམ་ཐོག་ནས་ཨ་རིའི་ནུབ་ཕྱོགས་གྲོང་ཁྱེར་ལོ་སེ་ཨེན་ཇེ་ལེསི་རུ་ཉིན་གཉིས་རིང་འཚམས་གཟིགས་གནང་བར་ཕེབས་ཀྱི་འདུག

བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གོང་ཞུས་གནས་ཚུལ་དེ་སྤེལ་གནང་ཡོད་པ་དང་བཀའ་བློན་ཁྲི་པ་མཆོག་གིས་གྲོང་ཁྱེར་ལོ་སེ་ཨེན་ཇེ་ལེ་སི་ནང་གི་ཉིན་གཉིས་ཀྱི་གཟིགས་སྐོར་དེ་ཟླ་བ་འདིའི་ཚེས་དགུ་ནས་དབུ་འཛུགས་གནང་རྒྱུ་ཡིན་པ་རེད།

ཨ་རིའི་ཕྱོགས་སུ་ཕེབས་ཐོན་མ་གནང་གོང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱལ་ས་ལྡི་ལི་གསར་པའི་ནང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༤ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ནང་ལྷན་ཞུགས་གནང་ཡོད་པ་དང་༸གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོ་དེ་ཟླ་བ་འདིའི་ཚེས་དྲུག་ཉིན་ལྡི་ལི་ནང་རྟེན་གཞི་གནང་བའི་ཧི་མ་ལ་ཡའི་ནང་པའི་རིག་གཞུང་མཐུན་ཚོགས་དང་ཧི་མ་ལ་ཡའི་མངའ་ཁུལ་སྤྱི་ཡོངས་ཀྱི་ནང་པའི་སྒྲིག་འཛུགས་གཉིས་ཟུང་འབྲེལ་ཐོག་ནས་གནང་བ་ཞིག་རེད་འདུག

བཀའ་བློན་ཁྲི་པ་མཆོག་གིས་ཨ་རིའི་ནང་གི་གཟིགས་སྐོར་གྲུབ་རྗེས་བཞུགས་སྒར་དུ་འདི་ཟླའི་ཚེས་བཅོ་ལྔ་ཉིན་ཕྱིར་ཕེབས་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎