བཙན་བྱོལ་བོད་གཞུང་བཀའ་ཁྲི་མཆོག་སུད་སི་ལ་ཕེབས་འཆར།

བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་སུད་སིར་གཞུང་དོན་ཕྱོགས་ཕེབས་གནང་རྒྱུ་ཡིན་པ་རེད།

2009.07.30

༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་སུད་སིར་གཞུང་དོན་ཕྱོགས་ཕེབས་གནང་རྒྱུ་ཡིན་པ་རེད།

དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་གནས་ཚུལ་བཀོད་པར་གཞིགས་ན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་ཕྱི་ཚེས་བཞི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སུད་སི་མི་མང་ལ་གསུང་ཆོས་བཀའ་དྲིན་བསྩལ་བའི་རྗེས་ཉིན་རྒྱབ་བཀའ་བློན་ཁྲི་པ་མཆོག་གིས་གསུང་བཤད་གནང་རྒྱུ་ཡིན་པ་རེད།

ཕྱི་ཚེས་ལྔ་ཉིན་སུད་སི་ས་གནས་ལོའོ་སེན་དུ་ཡོ་རོབ་གནས་འཁོད་བོད་རིགས་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་བཀའ་ཁྲི་མཆོག་གིས་རྡོ་རྗེ་སློབ་དཔོན་དང་འབྲེལ་མཎ་ཌལ་ལྗགས་བཤད་གནང་རྒྱུ་ཡིན་པ་རེད། ཕྱི་ཚེས་དྲུག་ནས་བརྒྱད་བར་ཉིན་གྲངས་གསུམ་རིང་བཀའ་བློན་ཁྲི་པ་མཆོག་སུད་སི་བོད་རིགས་མང་ཚོགས་དང་རྒྱལ་སྤྱིའི་རྒྱ་བོད་མི་སྣ་མཉམ་འདུས་ཀྱི་ཚོགས་ཆེན་ཁག་ཐོག་མཉམ་ཞུགས་ཀྱིས་གསུང་བཤད་དང་ཕྱི་ཚེས་དགུ་ཉིན་སུད་སི་གསར་འཕྲིན་ཞིག་གིས་རེ་འདུན་སྔོན་ཞུས་ལྟར་ཆེད་ཕེབས་ཀྱིས་བགྲོ་གླེང་ལ་གསུང་བཤད་གནང་རྒྱུ་ཡིན་པ་རེད། ཕྱི་ཚེས་བཅུ་ཉིན་བཀའ་ཁྲི་མཆོག་ཛུ་རིཀ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་དུ་ཕྱིར་ལོག་གནང་རྒྱུའི་མཛད་འཆར་ཡོད་པའི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎