བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་དུས་ལ་བབས་ཡོད་ལུཌ
2011.08.08
༄༅༎བོད་མིའ་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་དམ་འབུལ་མ་གནང་བའི་སྔ་ནུབ་ཏུ་བོད་རྒྱའི་དཀའ་རྙོག་སེལ་བའི་དུས་ལ་བབས་ལུགས་གསུངས་འདུག བདམས་ཐོན་བཀའ་བློན་ཁྲི་པ་མཆོག་གིས་རྩོམ་ཡིག་ཅིག་དབྱིན་ཡིག་ཏུ་སྤེལ་བའི་ནང་། བོད་རྒྱའི་དཀའ་རྙོག་གྲོས་མོལ་ལམ་ནས་སེལ་དགོས་པ་དང༌། བོད་མི་རྣམས་ཀྱིས་རྒྱ་མི་རིགས་ལ་སྡང་ཟུག་བྱེད་ཀྱི་མེད་པ་དང༌།
ལོ་རྒྱུས་ཐོག་ནས་བོད་རྒྱ་གཉིས་ཐ་དད་ཡིན་པར་འགྲེལ་བརྗོད་གནང་འདུག རྒྱ་བོད་ཆིངས་ཡིག་རྡོ་རིང་དུ་བཀོད་པའི་ནང་། བོད་བོད་ཡུལ་དུ་སྐྱིད། རྒྱ་རྒྱ་ཡུལ་དུ་སྐྱིད་ཅེས་བཀོད་ཡོད་པ་དེ་ལྟར་ཡང་ཕྱི་ལོ་༡༩༥༩་ལོར་རྒྱ་མིས་བོད་ནང་བཙན་འཛུལ་བྱས་ཏེ་བོད་ས་ཡོངས་རྫོགས་ལ་དབང་བསྒྱུར་བྱས་ཏེ་བོད་མིར་སྡུག་སྦྱོང་མནར་གཅོད་དང་།བོད་མིའི་ཆོས་དང་རིག་གཞུང་ལ་གཏོར་བཤིག་བཏང་བ་རེད།
རྒྱ་གར་གཙོ་འགྱུར་གྱི་ཕྱི་རྒྱལ་དུ་བཙན་བྱོལ་ལ་འབྱོར་ནས་མི་ལོ་དྲུག་ཅུ་འཁོར་བའི་རྗེས་སུ་འང་བོད་ནང་བོད་མི་མང་ལ་འགྲོ་བ་མིའི་ཐོབ་ཐང་མེད་པར་དྲག་གནོན་འོག་གནས་བཞིན་པ་རེད། དེར་བརྟེན་ཕྱི་ལོ་༢༠༠༨་ལོར་བོད་ས་ཡོངས་ལ་བོད་མིའི་ཞི་རྒོལ་ཆེན་མོ་ལངས་ཤིང་། བོད་མི་མང་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བཙན་གནོན་བྱེད་པོར་ཞི་བའི་ངོ་རྒོལ་གནང་བ་རེད། ༧གོང་ས་ཏྭ་ལའི་བླ་མ་མཆོག་གིས་མེས་པོ་དམ་པ་མ་ཧཏ་མ་གན་རྡིའི་རྗེས་སུ་འཇུག་སྟེ་འཚེ་མེད་ཞི་བའི་ཐབས་ལམ་བརྟེན་གནང་གི་ཡོད་པ་ལྟར་ངོས་ནས་ཀྱང་དེ་ལྟར་བགྱིས་ཏེ་དབུ་མའི་ལམ་གྱི་ཐབས་ལམ་བཟུང་སྟེ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ལ་འབད་འབུངས་ཞུ་རྒྱུ་ཡིན་ཞེས་དང་། གྲོས་མོལ་བརྒྱུད་དེ་བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་ཞིག་འཚོལ་ཐུབ་པར་ཡིད་ཆེས་གནང་གི་ཡོད་ལུགས་སོགས་དབྱིན་ཡིག་ཐོག་སྤེལ་བའི་རྩོམ་ཡིག་ནང་བཀོད་གནང་འདུག།