བཙན་བྱོའི་བོད་མིའི་སློབ་གྲྭ་ཆེ་ཁག་གི་འགན་འཛིན་ལྷན་ཚོགས།

བཀའ་ཁྲི་མཆོག་གིས་གཙོ་སྐྱོང་གནང་བའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཆེ་ཁག་གི་འགན་འཛིན་ལྷན་ཚོགས་དབུ་འཛུགས་གནང་འདུག

2011.11.19

༄༅༎འདི་ཚེས་ ༡༦ ཉིན་བཞུགས་སྒར་རྡ་རམ་ས་ལར་དཔལ་ལྡན་བཀའ་བློན་ཁྲི་པ་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་བློ་བཟང་སེང་གེ་ལགས་ཀྱིས་གཙོ་སྐྱོང་གནང་བའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཆེ་ཁག་གི་འགན་འཛིན་ལྷན་ཚོགས་དབུ་འཛུགས་གནང་འདུག  
དེ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་འདོན་སྤེལ་གནང་བར་གཞིགས་ན། ཐེངས་འདིའི་འགན་འཛིན་ལྷན་ཚོགས་དེའི་ཐོག བོད་མིའི་སློབ་གྲྭ་ཆེ་ཁག་བཞིའི་སྤྱི་ཁྱབ་འགན་འཛིན་དང་ལས་རོགས་རྣམ་པ། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་འགན་འཛིན་ཁག་གཅིག་ནས་ལྷན་ཞུགས་གནང་ཡོད་པ་དང༌། སྐབས་དེར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་ཀྱིས་གསུང་བཤད་གནང་བའི་ནང༌། ང་རང་བཀའ་བློན་ཁྲི་པའི་འོས་བསྡུའི་འགྲན་རྩོད་ནང་བཞུགས་པའི་སྐབས་དང་དམ་འབུལ་ཞུས་པའི་སྐབས། ཤེས་ཡོན་གལ་ཆེར་འཛིན་གྱི་ཡིན་ཞེས་ཞུས་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་དུས་རྟག་ཏུ་ངས་བཤད་པ་ལྟར། ང་རང་ཁྱིམ་ཚང་དཀྱུས་མའི་ནང་ནས་འཚར་ལོངས་བྱུང་བ་ཞིག་ཡིན་ནའང། གཙོ་ཆེ་ཤོས་ཤེས་ཡོན་གྱི་བཀའ་དྲིན་ལ་བརྟེན་ནས་ངོས་རང་རང་ཉིད་ཀྱི་རྐང་པའི་སྟེང་ལང་ཐུབ་པ་བྱུང་ཡོད། དེར་བརྟེན་སྤྱི་ཚོགས་ནང་ཕུགས་རྒྱང་རིང་ཐུང་གང་གི་ཐོག་བལྟས་ཀྱང་། གཞོན་སྐྱེས་ནང་ཤེས་ཡོན་ཧྲ་ཏག་ཏག་ཅིག་བྱུང་ན། སོ་སོ་སྒེར་དང། ནང་མི། དེ་བཞིན་སྤྱི་པ་ལ་ཡང་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་པ་ཞིག་ང་ཚོས་བརྗོད་བཞིན་ཡོད་ལ། ངོས་འཛིན་ཡང་བྱེད་ཀྱི་ཡོད་པ་ལྟར། ངས་དམ་འབུལ་ཞུས་པའི་རྗེས། ཐོག་མར་ བོད་རིགས་སློབ་སྤྱི་བཅུ་འདུ་འཛོམས་ཐོག་ཚོགས་འདུ་ཞིག་ཚོགས་པ་རེད། ཚོགས་འདུའི་ཐོག་བསམ་ཚུལ་བརྗེ་ལེན་ཧ་ཅང་ལྷུག་པོ་བྱུང་ཡོད་པ་མ་ཟད་ཕན་ཐོགས་ཀྱང་ཆེན་པོ་བྱུང། སྐབས་དེར་སློབ་སྤྱི་རྣམ་པས་གསུང་དོན་ལ་ད་ལན་སློབ་སྤྱི་ཁེ་གཙང་ཚོགས་འདུ་ཚོགས་པ་དང་པོ་ཆགས་ཡོད། ཚོགས་འདུ་འདི་བཞིན་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང། འདི་ལྟ་བུའི་ཚོགས་འདུ་མུ་མཐུད་འཚོགས་རྒྱུ་གལ་ཆེན་པོ་འདུག་ཅེས་གསུངས་པ་བཞིན། ཚོགས་འདུ་ཞིག་ལོ་རྗེས་མའི་ཕྱི་ཟླ་ ༤ པའི་ནང་འཚོགས་རྒྱུ་དང། སྐབས་དེར་རྒྱ་གར་གྱི་སློབ་སྤྱི་རྣམས་ཀྱང་མཉམ་ཞུགས་ཐོག་ཚོགས་འདུ་འཚོགས་རྒྱུའི་འཆར་གཞི་ཡོད་ཅེས་དང༌། ཡང་ སློབ་གྲྭའི་སློབ་སྦྱོང་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་བརྒྱ་ཆ་དྲུག་ཅུ་བདུན་ཅུ་ང་ཚོས་ནང་ཁུལ་ནས་བྱེད་ཐུབ་པ་ཞིག་འདུག་སྙམ་པའི་ཚོར་བ་བྱུང། འོན་ཀྱང་དངོས་ཡོད་ཀྱི་གནས་ཚུལ་གང་འདྲ་ཞིག་ཡིན་མིན་ད་ལན་སློབ་གྲྭའི་འགན་འཛིན་རྣམ་པའི་ནང་ནས་ཕྱི་གསལ་ནང་གསལ་གྱི་སྒོ་ནས་སློབ་གྲྭའི་སྒྲིག་འཛུགས་དང་འཛིན་སྐྱོང་སོགས་ཡར་རྒྱས་ཇི་ལྟར་དགོས་མིན་བསམ་ཚུལ་བརྗེ་ལེན་བྱུང་ན་དེ་ལ་དཔག་པའི་ཐབས་ལམ་མང་པོ་ཞིག་ཡོང་གི་རེད་བསམ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུང་ཡོད་པའི་གནས་ཚུལ་བཀོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎