བཀའ་བློན་བདུན་གྱི་ལས་ཁུངས་གཏན་འབེབས་གནང་བ།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་༡༤པའི་བཀའ་བློན་བདུན་གྱི་ལས་ཁུངས་གཏན་འབེབས་གནང་བའི་གནས་ཚུལ།

2011.09.19

༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་༡༤པའི་བཀའ་བློན་བདུན་གྱི་ལས་ཁུངས་གཏན་འབེབས་གནང་བའི་གསར་འགོད་གསལ་བསྒྲགས་ཤིག་དེ་རིང་སྤེལ་གནང་འདུག།
སྐབས་༡༤པའི་བཀའ་བློན་དུ་བསྐོ་བཞག་བྱུང་བའི་བཀའ་བློན་དྲུག་དང་བཀའ་ཁྲི་བཅས་ཀྱི་ལས་ཁུངས་གཏན་འབེབས་གནང་བའི་གསར་འགོད་གསལ་བསྒྲགས་ནང༌།  ཕྱི་ལོ་༢༠༡༡ཟླ་བ་༩ཚེས་༡༦ཉིན་སྐབས་༡༥པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་སྤྱི་མོས་འདེམས་ཐོན་བྱུང་བའི་བཀའ་བློན་རྣམས་བཅའ་ཁྲིམས་དོན་ཚན་༢༩འི་ནང་གསེས་༢པའི་དགོངས་དོན་བཞིན། བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན་དང༌། བཀའ་བློན་ཚེ་རིང་དོན་གྲུབ་མཆོག་ དཔལ་འབྱོར་ལས་ཁུངས་ཀྱི་བཀའ་བློན།
བཀའ་བློན་པདྨ་ཆོས་འབྱོར་མཆོག་ཆོས་རིགས་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནང་སྲིད་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་བཅས་ཀྱི་ལས་འཁུར་བཞེས་རྒྱུ་དང༌། ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་བཀའ་ཁྲི་བློ་བཟང་སེངྒེ་མཆོག་གིས་གཅིག་ལྕོག་གནང་ཡག་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎