བཀའ་ཁྲི་མཆོག་ནས་ཤེས་ཡོན་ལྟེ་གནས་དབུ་འབྱེད་གནང་བ།
2012.01.21
༄༅༎བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་ནུབ་སྦེང་གལ་གྱི་རྒྱལ་ས་ཀོལ་ཀོ་ཊའི་ནང་རྟེན་གཞི་བྱས་པའི་ཉི་དབང་མགོན་པོའི་ཤེས་ཡོན་ལྟེ་གནས་ཁང་ཞེས་པ་དེ་དབུ་འབྱེད་གནང་ཡོད་པའི་སྐོར་བོད་མིའི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག
ཐོག་མར་བཀའ་ཁྲི་མཆོག་ཀོལ་ཀོ་ཊའི་གྲོང་ཁྱེར་ནང་ཡོད་པའི་དབུལ་ཕོངས་ཉམས་ཐག་གནས་སྡོད་བྱེད་ཁུལ་དུ་ཕེབས་ཏེ་དེའི་ཁུལ་དུ་ཡོད་པའི་གཞི་རིམ་སློབ་གྲྭའི་འཛིན་གྲྭ་དང་པོ་ནས་བཞི་པའི་བར་གྱི་སློབ་ཕྲུག་རྣམས་དང་ཐུག་འཕྲད་ཀྱིས་སློབ་ཕྲུག་ཚོར་སློབ་སྦྱོང་ཡག་པོ་བྱེད་དགོས་པའི་ལམ་སྟོན་གནང་ཡོད་པ་དང་། དེ་རྗེས་དབུལ་ཕོངས་ཉམས་ཐག་ཚོར་རྒྱབ་སྐྱོར་བྱེད་མཁན་གཞོན་སྐྱེས་བདེ་དོན་ཚོགས་པ་ཞེས་པས་གདན་ཞུ་ལྟར། བེུད་ཉམས་ཐག་ཚོའི་སྡོད་ཁང་དུ་ཕེབས་ཏེ་ཁོང་ཚོ་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། གཞོན་སྐྱེས་བདེ་དོན་ཚོགས་པས་གོ་སྒྲིག་གནང་བའི་བེུད་ཀྱི་ཤེས་ཡོན་དང་ནུས་སྟོབས་གོང་མཐོར་སྤེལ་རྒྱུའི་ལས་རིམ་ནང་མཉམ་ཞུགས་གནང་ཡོད་པ་རེད། བཀའ་བློན་ཁྲི་པ་མཆོག་ནས་ཀོལ་ཀོ་ཊ་ནང་ཡོད་པའི་ཉམས་ཐག་དབུལ་ཕོངས་ཚོར་རོགས་རམ་གནང་མཁན་གྱི་ཡི་ཤུའི་བཙུན་མ་དམ་པ་མ་དར་ ཊེ་རི་སའི་ ཐེབས་རྩ་ཁང་དུ་ཕེབས་པ་འབྲེལ་གྲོང་ཁྱེར་དེའི་ནང་རྟེན་གཞི་བྱས་པའི་ཉི་དབང་མགོན་པོའི་དྲན་རྟེན་ཆེད་གསར་བཙུགས་གནང་བའི་ཤེས་ཡོན་ལྟེ་གནས་ཁང་དབུ་འབྱེད་གནང་ཡོད་འདུག
དབུ་འབྱེད་མཛད་སྒོའི་ཐོག་བཀའ་བློན་ཁྲི་པ་མཆོག་ནས་ཤེས་ཡོན་གྱི་ནུས་པའི་ཐོག་ནས་མི་གཞན་ལ་ཕན་བདེ་བསྒྲུབ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན་ཤེས་ཡོན་གོང་མཐོར་གཏང་རྒྱུ་གལ་ཆེར་རྩིས་ཏེ་ནུས་པ་འདོན་དགོས་པའི་གསུང་བཤད་གནང་ཡོད་འདུག།