ས་གནས་རྒྱ་གར་ཡུལ་མི་དང་འབྲེལ་ལམ་དམ་ཟབ་བྱ་གལ།

ཕྱི་འབྲེལ་བཀའ་བློན་མཆོག་གིས་གནས་ཡུལ་ས་གནས་རྒྱ་གར་གྱི་ཡུལ་མི་ཚོ་དང་འབྲེལ་ལམ་དམ་ཟབ་བྱ་རྒྱུའི་གལ་གནད་སྐོར་ནན་བརྗོད།

2012.06.14

༄༅༎དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་དང་འབྲེལ་མཐུད་པ་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐོག་ ཕྱི་འབྲེལ་བཀའ་བློན་མཆོག་གིས་ གནས་ཡུལ་ས་གནས་རྒྱ་གར་གྱི་ཡུལ་མི་ཚོ་དང་འབྲེལ་ལམ་དམ་ཟབ་བྱ་རྒྱུའི་གལ་གནད་སྐོར་ནན་བརྗོད་གསུངས་བཤད་གནང་འདུག་༎

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་དོན་ལྟར་ན་ ཟླ་བ་འདིའི་ཚེས་ ཚེས་ ༡༤ ཉིན་ བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་ ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་དང་འབྲེལ་མཐུད་པ་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༨ འགོ་འཛུགས་གནང་ཡོད་པ་རེད་ ཚོགས་འདུ་དབུ་འབྱེད་མཛད་སྒོར་ སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་ཚོགས་བཅར་བརྣམས་ལ་འཚམས་འདྲི་དང་འབྲེལ་ ཕྱི་འབྲེལ་ལས་ཁུངས་ཀྱི་ལས་དོན་ངོ་སྤྲོད་གནང་འདུག་ ཕྱི་འབྲེལ་བཀའ་བློན་མཆོག་གི་གསུངས་བཤད་ནང་ ཕྱི་འབྲེལ་ལས་ཁུངས་ཀྱི་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་གིས་ལས་དོན་གྱི་འགན་ཁུར་གཙོ་བོ་དེ་བཞིན་ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ ཕྱིའི་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་བསྐྱངས་སྐབས་ ཆིབས་སྒྱུར་གྲ་སྒྲིག་གི་ལས་འགན་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་ཐོག་གཞུང་དང་གྲོས་ཚོགས་ བོད་དོན་རྒྱབ་སྐྱོར་ཚོགས་པ་ ས་གནས་རྒྱ་རིགས་ཚོར་འབྲེལ་བ་ཉར་ཚགས་ དེ་བཞིན་སྤྱི་ཚོགས་དང་རིག་གཞུང་དང་འབྲེལ་བའི་འགན་ཁུར་ ས་གནས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ལ་འབྲེལ་བ་གནང་རྒྱུ་སོགས་ངོ་སྤྲོད་གནང་འདུག་ ཡང་སྐུ་ངོ་བཀའ་བློན་མཆོག་སྐུ་ཉིད་ཕྱིའི་ཡུལ་གྲུ་ཁག་ཏུ་སྐོར་བསྐྱོད་གནང་སྐབས་ ས་གནས་སུ་ཡོད་པའི་བོད་མི་ཚོ་དང་གང་ཐུབ་ཀྱི་མཇལ་འཕྲད་གནང་སྟེ་ ས་གནས་བོད་རིགས་ཚོགས་པ་ཚོ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོའི་དབར་ལས་དོན་མཉམ་རུབ་ཡོང་ཐབས་ཀྱི་སྐུལ་འདེགས་ཞུས་བཞིན་ཡོད་སྐོར་གསལ་འདོན་གནད་འདུག་ བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་ ང་ཚོས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་སྐབས་བོད་པ་གཅིག་པུ་མ་ཡིན་པར་ ས་གནས་ཀྱི་ཡུལ་མི་ཚོས་མཉམ་ཞུགས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད།  ང་ཚོ་བོད་མི་བཙན་བྱོལ་དུ་ཡོད་ཁོངས་ནས་བོད་མི་མང་ཤོས་རྒྱ་གར་དུ་གནས་ཡོད། དེར་བརྟེན་ང་ཚོས་བོད་པའི་གཞིས་ཆགས་གནས་ཡུལ་རྒྱ་གར་གྱི་ཡུལ་མི་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད་ཅེས་ནན་བརྗོད་གནང་བཞག་  བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་མུ་མཐུད་གསུངས་ན་ རྒྱ་ནག་གི་གནོན་ཤུགས་རྐྱེན་པས་  བལ་ཡུལ་ནང་གནས་སྡོད་བོད་མི་ཚོར་ཧ་ཅང་དཀའ་ངལ་འཕྲད་བཞིན་པ་མ་ཟད་ རྒྱ་ནག་གཞུང་ནས་བོད་མི་་གནས་སའི་ས་གནས་སྤྱི་དང་ཡང་སྒོས་རྒྱ་གར་དུ་ཡོད་པའི་བོད་མི་དང་རྒྱ་གར་གྱི་ཡུལ་མི་བར་དཀྲུག་ཤིང་རྒྱག་ཉེན་ཆེ་བར་སོང་ ཚང་མས་གཟབ་ནན་བྱེད་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད་སྐོར་གསལ་འདོན་གནང་བཞག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎