རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱི་ཉིན་མོ་སྲུང་བརྩི།

བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འདི་ག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱི་ཉིན་མོ་སྲུང་བརྩི་ཞུས་པ།

2011.07.15

༄༅༎ཕྱི་ཟླ་བདུན་པའི་ཚེས་༡༣ རེས་གཟའ་ལྷག་པའི་ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འདི་ག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་གིས་བོད་ཞི་བས་བཅིངས་བགྲོལ་བཏང་ཟེར་བར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད།

དེ་ཡང་རྒྱ་ནག་གཞུང་གིས་བོད་ཞི་བས་བཅིངས་བགྲོལ་བཏང་ནས་མི་ལོ་དྲུག་ཅུ་འཁོར་བ་ཟེར་བའི་དྲིལ་བསྒྲགས་བྱེད་པ་དེར་རེས་གཟའ་ཕུར་བུའི་ཉིན་རྒྱལ་སྤྱིའི་ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་གྱིས་རྒྱལ་སྤྱིའི་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་པ་ཞིག་ཡིན་ཞིང༌། དེ་ཉིན་རྒྱལ་ས་ཝ་ཤིང་ཀྲོན་གྱི་རྒྱ་ནག་གཞུང་ཚབ་ཁང་གྱི་མདུན་དུ་འདུ་འཛོམས་བྱས་ཏེ་རྒྱ་ནག་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་ཏེ་མི་ལོ་དྲུག་བཅུ་འཁོར་བའི་ཉིན་མོ་དྲན་གསོ་བྱས་ཡོད་པ་དང༌། བོད་མི་དེ་དག་ནི་འདི་ག་རྒྱལ་ས་ཝ་ཤིང་ཀྲོན་དུ་ཉིན་གྲངས་བཅུའི་རིང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་སྐྲུན་ཐབས་ཀྱི་ཆེད་དུ་དཔལ་དུས་ཀྱི་བཀའ་དབང་ཞུ་བར་བཅར་བའི་ཆོས་ཞུ་བ་ཡིན་པ་མ་ཟད། དེའི་ནང་དུ་ཨེ་ཤི་ཡ་དང་ཡོ་རོིབ་ཁུལ་དེ་བཞིན་ཡུ་གུར་མཉམ་འབྲེལ་ཚོགས་པ། བོད་ཀྱི་ཆབ་སྲིད་བཙོན་པ་ངག་དབང་སངས་སྒྲོལ་ལགས་དང་ཕུན་ཚོགས་ཉི་སྒྲོན་ལགས་ཀྱང་ལས་འགུལ་དེའི་ནང་མཉམ་ཞུགས་བྱས་ཡོད་པ་རེད། རྒྱལ་སྤྱིའི་བོད་ཀྱི་ཉོིན་མོ་སྲུང་བརྩི་ཞུ་བའི་ལས་འགུལ་དེའི་ཐོག་འདུ་འཛོམས་བྱས་པའི་མི་དམངས་ཁྲོད་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ད་ལྟ་རྒྱ་ནག་གི་བཙོན་དུ་ཡོད་པའི་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང༌། འཇིགས་བྲལ་ཞེས་པའི་བོད་ནང་གི་བོད་མི་ཚོའི་སེམས་ཚོར་བརྙན་པར་བཟོ་སྐྲུན་གནང་མཁན་དོན་གྲུབ་དབང་ཆེན་ལགས། ལི་ཐང་རྟ་རྒྱུགས་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་བྱ་དགོས་ཞེས་སྐད་འབོད་གནང་མཁན་རོང་རྒྱས་ཨ་གྲགས་ལགས་ཀྱི་འདྲ་པར་འཁྱེར་ཏེ། རང་དབང་ལ་དྲག་གནོན་བྱེད་མཁན་དང་ཉེན་ཁ་བཟོ་མཁན་གཙོ་བོ་དེ་རྒྱ་ནག་ཡིན་པ་དང༌།  རྒྱ་ནག་གཞུང་གིས་བོད་མི་ཚོ་རྒྱ་མི་རིགས་ཤིག་བཟོ་རྒྱུའི་སྲིད་ཇུས་ལག་བསྟར་བྱས་པ་དེ་ལམ་ལྷོང་བྱུང་མེད་པའི་གཏམ་བཤད་གནང་ཡོད་པ་དང༌། དེ་བཞིན་དུ་ཡུ་གུར་ཚོགས་པའི་ཚོགས་གཙོ་ནས་ཀྱང༌། བོད་མི་དང་སོག་པོ། ཡུ་གུར་བ་ཚོ་མཉམ་རུབ་ཀྱིས་རྒྱ་ནག་ཐོག་ལ་ངོ་རྒོལ་གྱི་ཁ་གཏད་བཅོག་པ་ཡིན་ཚེ་རྒྱ་ནག་ངེས་པར་དུ་ཕམ་ཉེས་འགྲོ་རྒྱུ་ཡིན་པའི་གཏམ་བཤད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎