རྒྱ་གར་བས་བོད་ཀྱི་སྟོད་གངས་རིན་པོ་ཆེར་གནས་མཇལ།

གངས་རིན་པོ་ཆེ་དང་མཚོ་མ་ཕམ་བཅས་སུ་ཧིན་རྡུ་ཚོའི་གནས་མཇལ་རུ་ཁག་དང་པོ་དེ་རྒྱ་གར་གྱི་མངའ་སྡེ་ཨུ་ཏར་ཀནཏ་བརྒྱུད་ཐོན་འདུག

2010.06.01

༄༅༎སྔར་གྱི་སྲོལ་རྒྱུན་གཞིར་བཟུང་བོད་ནང་གི་སྟོད་གངས་རིན་པོ་ཆེ་དང་མཚོ་མ་ཕམ་བཅས་སུ་རྒྱ་གར་གྱི་ཧིན་རྡུ་ཚོའི་གནས་མཇལ་རུ་ཁག་དང་པོ་དེ་དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེ་ཨུ་ཏར་ཀནཏ་བརྒྱུད་བོད་དུ་ཐོན་ཚར་ཡོད་པ་རེད་ རུ་ཁག་དང་པོ་དེའི་ནང་གནས་མཇལ་བ་མི་གྲངས་༥༠ཡོད་པ་རེད་

གནས་མཇལ་གོ་སྒྲིག་གནང་མཁན་ཚོས་ན་ནིང་ལོ་དང་མི་འདྲ་བར་ད་ལོ་གནས་མཇལ་བ་ཚོའི་ཆེད་དུ་འཐུང་ཆུ་དང་རྒྱ་གར་གྱི་མངའ་སྡེ་འདྲ་མིན་གྱི་མི་མང་ཚོའི་རྣམ་ཀུན་ལོངས་སུ་སྤྱོད་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཟས་སྣའི་རིགས་དང་ སྡོད་གུར་དང་ཉལ་ཁྲི་སོགས་ཀྱི་མཐུན་རྐྱེན་རྒྱ་ནོམ་པ་གོ་སྒྲིག་སྦྱར་་ཡོད་པ་རེད་

དེ་ཡང་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཨུ་ཏར་ཀནཏ་གྱི་ཁྱབ་ཁོངས་ཀུ་མའོན་ཟེར་བའི་འཛུགས་བསྐྲུན་ལས་ཁུངས་ཀྱི་འགན་འཛིན་སུའུ་རིན་རྡར་སིང་ཇི་ན་ཞུ་བས་ཨེ་ཨེན་ཨའེ་ཞེས་པའི་རྒྱ་གར་གྱི་གསར་ལས་ཁང་གི་གསར་འགོད་པར་བརྗོད་དོན་ལྟར་ན་ གནས་བསྐོར་བ་ཚོར་ དཀའ་ངལ་མི་མྱོང་རྒྱུའི་ཆེད་དུ་སྟ་གོན་གང་ལེགས་བྱས་ཡོད་པ་རེད་

འོན་ཀྱང་གནས་བསྐོར་ལ་འགྲོ་སའི་ལམ་ཁ་དེ་དག་ས་ཡོམ་དང་དབྱར་ཀའི་དུས་སུ་ས་རུད་རྒྱབ་པའི་ཉེན་ཁའི་རང་བཞིན་ཅན་ཞིག་ཡིན་པ་རེད་ དཔེར་ན་༡༩༩༨ལོར་གར་ལྦལ་ཞེས་པའི་རྒྱ་གར་གྱི་ས་ཁུལ་ནང་ས་རུད་རྒྱབ་སྟེ་རྒྱ་གར་གྱི་ཧིན་རྡུའི་གནས་བསྐོར་བ་༣༠༠ཙམ་རྐྱེན་ལམ་དུ་སོང་ཡོད་པ་རེད་ རྦ་རཏ་པ་ཐཀ་ཞུ་བའི་གནས་བསྐོར་བ་དེ་ཡིས་བརྗོད་དོན་ལྟར་ན་ གངས་རིན་པོ་ཆེ་དང་མཚོ་མ་ཕམ་སོགས་སུ་གནས་བསྐོར་ལ་འགྲོ་བའི་དམིགས་ཡུལ་ནི་འཁོར་བའི་སྡུག་བསྔལ་ལས་ཐར་བའི་དོན་དུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎