བལ་ཡུལ་ནང་གསར་འགོད་པ་ཞིག་རྨས་སྐྱོན་དུ་བཏང་ཡོད་པ་རེད།
2009.02.24
༄༅༎རེས་གཟའ་ཕུར་བུའི་ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་དྲུ་ནས་རྒྱང་ཚད་མེ་ལི་བཞི་ཅུ་ཞེ་ལྔ་སར་གྲོང་ཁྱེར་སྦིར་གན་ཇེ་ཞེས་པའི་ལུས་རྩལ་རྩེད་ཐང་གི་ཕྱི་རོལ་དུ་སུ་ཡིན་ཆ་མི་རྟོགས་པའི་སྦག་སྦག་གཞོན་ཏེ་ཡོང་མཁན་ཞིག་གིས་མེ་མདའ་རྒྱབ་སྟེ་བལ་ཡུལ་གྱི་ཨེཕ་ཨེམ་རླུང་འཕྲིན་གྱི་གསར་འགོད་པ་གྱ་ནེན་རྡར་རཇེ་མིཤི་ར་ཞུ་བ་ཁོང་རྨས་སྐྱོན་དུ་བཏང་ཡོད་པ་རེད། ཁུལ་དེ་གའི་ཉེན་རྟོག་བསྐོར་བྱ་དམག་མི་ཤམ་སྦུ་ཤའ་ཡིས་གསུངས་ན་གསར་འགོད་རྨས་མ་དེ་འགན་ལྗི་བོ་རྨས་སྐྱོབ་ཤོར་མེད་པར་སྨན་ཁང་ནང་བསྐྱལ་བའི་རྗེས་རང་ཁྱིམ་དུ་ཕྱིར་ལོག་བྱས་ཐུབ་པའི་སྐོར་འགྲེལ་བརྗོད་བྱས་འདུག
བལ་ཡུལ་གྱི་ལྷོ་ཕྱོགས་ས་ཁུལ་དུ་འདས་པའི་དུས་རིང་ལ་ས་གནས་རང་སྐྱོང་གི་བལྟ་སྤྱོད་འཛིན་མཁན་གོ་མཚོན་ཐོགས་པའི་ཚོགས་པ་ཆུང་ཆུང་དེ་འདྲ་མང་པོ་ཡོད་པ་དེ་ཚོས་ཡང་ཡང་མི་བསད་ཁྲག་སྦྱོར་གྱི་དྲག་སྤྱོད་ཡང་ནས་ཡང་དུ་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་རེད།
དེ་བཞིན་ཉེ་སྔོན་བལ་ཡུལ་ཇ་ནཀ་པུར་ཁུལ་དུ་རླུང་འཕྲིན་གསར་འགོད་པ་བེུད་ཅིག་ལ་གྲི་རྒྱབ་སྟེ་སྲོག་སྐྱོན་བཏང་བའི་གནས་ཚུལ་ཞིག་ཀྱང་བྱུང་ཡོད་པ་རེད། གཞུང་གིས་འགྲེལ་བརྗོད་གནང་ཡོད་པར་ད་རེས་ཀྱི་གནས་ཚུལ་སུས་ལག་བསྟར་བྱས་ཡོད་མེད་ད་ལྟ་མུ་མཐུད་ཞིབ་དཔྱོད་གནང་བཞིན་ཡོད་ལུགས་གསལ་སྟོན་གནང་བཞག།