ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁཱེ་རེ་རྒྱ་ནག་ལ་འབྱོར་འདུག


2014.07.09
ཨ་རི་དང་རྒྱ་ནག་བར་གྲོས་མོལ་མཇལ་འཛོམས་གནང་བཞིན་པ། ༢༠༡༤།༧།༩ ཨ་རི་དང་རྒྱ་ནག་བར་གྲོས་མོལ་མཇལ་འཛོམས་གནང་བཞིན་པ། ༢༠༡༤།༧།༩
AFP

ཨ་རྒྱ་གཉིས་བར་འཁོན་འཛིན་ཆུང་ཚགས་རིགས་ཡོད་ཀྱང་བདེ་འཇགས་དང་དཔལ་འབྱོར་མཉམ་ལས་བྱེད་རྒྱུའི་ནན་བརྗོད་བྱས་འདུག
དེ་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་John Kerry ཡིས་སྣེ་ཁྲིད་གནང་ཐོག་ནོར་སྲིད་དྲུང་ཆེ་སྐུ་ཞབས་Jack Lew དང་། ཨ་རིའི་དབུས་དངུལ་ཁང་ཆེན་མོའི་སྤྱི་ཁྱབ་འགན་འཛིན་ལྕམ་Yellenབཅས་ཀྱིས་གཙོས་པའི་གཟིགས་སྐོར་སྐུ་ཚབ་ཚོགས་པ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་ཡོད་པ་དང་། རེས་གཟའ་ལྷག་པའི་ཉིན་ཨ་རིའི་སྐུ་ཚབ་ཚོགས་པ་རྣམས་དང་རྒྱ་ནག་གི་སྲིད་འཛིན་Xi Jinping དབར་ཐབས་བྱུས་དང་། དཔལ་འབྱོར་སྐོར་གྱི་གྲོས་མོལ་མཇལ་འཛོམས་གནང་གནང་འདུག གྲོས་མོལ་དབུ་འབྱེད་སྐབས་རྒྱ་ནག་གི་སྲིད་འཛིན་མཆོག་ནས་ཡུལ་གྲུ་གཉིས་དབར་འཁོན་འཛིན་གྱི་རང་བཞིན་ལྡན་པའི་གདོང་གཏུག་རིགས་གཡོལ་ཐབས་གང་ཐུབ་བྱེད་གལ་ཆེ་བའི་སྐོར་ནན་སྐུལ་གནང་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་ཀྱང་དེ་ལྟར་མོས་མཐུན་གནང་འདུག གནས་ཚུལ་ནང་གསལ་ལྟར་ན། ད་རེས་ཀྱི་གྲོས་མོལ་མཇལ་འཛོམས་འདི་བརྒྱུད་ཨ་རིའི་སྐུ་ཚབ་ཚོགས་པའི་ངོས་ནས་འཛམ་གླིང་གནམ་གཤིས་འགྱུར་ལྡོག་ལ་སོགས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ནང་རྒྱ་ནག་གི་ལས་དོན་མཉམ་ལས་འབྱུང་ཐབས་དང་། ཨ་རིའི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་ནས་དྲ་ལམ་བརྒྱུད་གསང་འཛུལ་མཚམས་འཇོག་འབྱུང་ཐབས། དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་དབར་མཚོ་གླིང་གི་བདག་དབང་དང་འབྲེལ་བའི་རྙོག་གླེང་སེལ་ཐབས་སུ་སྒྲོམ་གཞི་གཏན་འབེབས་འབྱུང་ཐབས་བཅས་ཀྱི་དམིགས་ཡུལ་བཞེས་ཀྱི་ཡོད་འདུག ཡིན་ནའང་གྲོས་མོལ་དངོས་གཞི་རེས་གཟའ་ཕུར་བུ་ནས་འགོ་འཛུགས་གནང་གི་ཡོད་པར་སོང་། ད་ལྟ་གྲོས་མོལ་གྱི་གྲུབ་འབྲས་ལ་སྔོན་དཔག་བྱེད་དཀའ་བའི་སྐོར་གནས་ཚུལ་དབྱེ་ཞིབ་པ་ཚོས་གཟིགས་ཀྱི་ཡོད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎