འཇིཌ་མེད་རྒྱ་མཚོ་མུ་མཐུད་དམ་བསྒྲཌ་འོག་གནས་བཞིན་པ།
2013.04.30

༄༅། །དེ་ཡང་དུས་ཡུན་ལོ་ངོ་༡༧ གྱི་ཁྲིམས་ཆད་འོག་རྒྱ་ནག་གཞུང་གིས་ད་བར་བཙོན་འཇུག་བྱས་བའི་བཙོན་པ་འཇིགས་མེད་རྒྱ་མཚོ་ལགས་མི་ལོ་༡༧རྗེས། ཉེ་བའི་ཆར་བཙོན་གྲོལ་ཐོབ་ནས་ཕ་ཡུལ་བསང་ཆུ་རྒན་གྱའི་རང་ཁྱིམ་དུ་ལོག་ཐུབ་པ་བྱུང་ཡོད་ཀྱང་། ཁོང་གིས་གང་བྱུང་ཕྱི་མི་ལ་ཐུག་འཕྲད་བྱེད་མི་ཆོག་པ་དང་། རྒན་གྱ་ནས་བསང་ཆུ་རྫོང་ཐོག་སོགས་ཅུང་ཐག་རིང་ལ་འགྲོ་དགོས་ཚེ། རྒྱ་ནག་གི་འབྲེལ་ཡོད་སྤྱི་བདེ་ཚན་པར་སྙན་སེང་ཞུ་དགོས་པ། ཁ་པར་འཕྲིན་ལམ་ལ་བཀག་རྒྱ་བཏང་འཛིན་བྱས་པ་དང་། གོང་རིམ་ལ་མ་བཤད་པར་བརྗེ་མི་ཆོག་པ་སོགས་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་མུ་མཐུད་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བལྟ་སྲུང་ནན་མོ་བྱེད་བཞིན་ཡོད་པ་རེད་འདུག འོན་ཀྱང་བོད་མི་ཚོས་མུ་འཐུད་ཁོང་གི་ཁྱིམ་ལ་བཅར་ནས་མཚམས་འདྲི་བྱེད་པ་དང་། ཁ་བཏགས་འབུལ་མཁན་མང་པོ་ཡོང་གི་ཡོད་པ་རེད། དེ་བཞིན་ཁོང་གི་གཟུགས་པོའི་གནས་སྟངས་སྐྱོ་བོ་ཡིན་ཐོག་རྐང་པ་རྒྱུན་རིང་འཛུགས་མི་ཐུབ་པ་སོགས་ཀྱི་དཀའ་ངལ་ཡོད་པ་དང་། ཟླ་བ་སྔོན་མའི་ཚེས་༣༠ཉིན་ཁོང་ཆུ་ཤུར་བཙོན་ཁང་ནས་གློད་བཀྲོལ་ཐོབ་སྐབས་ལྷ་སའི་ནང་སྡོད་མི་ཆོག་པར་ཐད་ཀར་ཉེན་རྟོག་པའི་བལྟ་སྲུང་འོག་ཕ་ཡུལ་ལ་བཏང་ཡོད་པ་རེད།
འཇིགས་མེད་རྒྱ་མཚོ་ལགས་ནི། བོད་ཀྱི་རྒྱལ་ས་ལྷ་སར་དེ་སྔོན་བོད་རང་བཙན་རྩོད་ལེན་ཚོགས་ཆུང་ཞེས་བ་བཙུགས་ནས་བོད་དོན་ལས་འགུལ་འདྲ་མིན་སྤེལ་པར་བརྟེན་རྒྱ་ནག་གཞུང་གིས་ཤེས་རྟོགས་བྱུང་ནས་ཕྱི་ལོ་༡༩༩༦ལོར་འཛིན་བཟུང་བཙོན་འཇུགས་བྱས་པ་ཞིག་ཡིན་པ་དང་། བཙོན་ཁང་ནས་མུ་མཐུད་བོད་རྩ་དོན་ཆེད་ལས་འགུལ་སྤེལ་བར་བརྟེན། བཙོན་འཇུག་གི་དུས་ཡུན་སྤར་ཆ་བྱས་ནས་ད་བར་ལོ་༡༧རིང་བཙོན་འཛུགས་བྱས་པ་ཞིག་ཡིན་པ་རེད།།