ཉི་ཧོང་གི་སྲིད་བློན་ཨོ་ལིམ་ཕིག་མཛད་སྒོར་མི་ཕེབས་པའི་རེ་སྐུལ།

ཉི་ཧོང་གི་ཚོང་འབྲེལ་བློན་ཆེན་ཟུར་པས་སྲིད་བློན་མཆོག་ནས་རྒྱ་ནག་ལ་ཚུགས་རྒྱུའི་ཨོ་ལིམ་ཕིག་ཙེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་ཚོགས་ཞུགས་གནང་རྒྱུ་མེད་གསུངས་འདུག

2008.05.12

༄༅༎ཉི་ཧོང་གི་ཚོང་འབྲེལ་བློན་ཆེན་ཟུར་པ་ ཀྲ་ཀི་ཡོ་ཧི་ར་ནུ་མཱ་ ཞུ་བས་ སྲིད་བློན་ཡཱ་སུ་ཨོ་ཕཱུ་ཀུ་ཌ་མཆོག་ལ་རྒྱ་ནག་གཞུང་གིས་བོད་ནང་བོད་མིར་དྲག་གནོན་གཏོང་བཞིན་པའི་གནད་དོན་དང་ རྒྱ་ནག་གིས་དམག་དོན་རྒྱ་བསྐྱེད་ཀྱི་ཆེད་ལོ་ལྟར་རྒྱུན་གྲོན་ཕོན་ཆེ་སྤར་ཆ་བྱེད་བཞིན་པའི་གནད་དོན་ཁག་ལ་ངོ་རྒོལ་ཞུ་ཆེད་ སྲིད་བློན་མཆོག་ནས་རྒྱ་ནག་ལ་ཚུགས་རྒྱུའི་ཨོ་ལིམ་ཕིག་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་ཚོགས་ཞུགས་མ་གནང་བར་ངོ་རྒོལ་གནང་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད་

ཚོང་འབྲེལ་བློན་ཆེན་ཟུར་པ་ ཧི་ར་ནུ་མཱ་ ཁོང་ནི་ཕྱི་ཟླ་བཞི་པའི་ནང་ཉི་ཧོང་གྲོས་ཚོགས་ནང་གཞུང་འཛིན་དང་ཕྱོགས་འགལ་ཚོགས་པ་ཐོུང་གི་གྲོས་ཚོགས་འཐུས་མི་༢༤༠མཉམ་རུབ་ཀྱིས་ རྒྱ་ནག་གཞུང་ལ་བོད་ནང་གི་ཆབ་སྲིད་ཀྱི་དཀའ་ངལ་སེལ་ཆེད་ བོད་མིའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལྷན་གྲོས་མོལ་ཞུ་དགོས་པ་དང་ བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཞུ་དགོས་པའི་གྲོས་ཆོད་འཇོག་མཁན་གྱི་གྲོས་འགོ་བཏོན་མཁན་གཙོ་བོ་དེ་ཡང་ཡིན་འདུག དེ་ཡང་ཉི་ཧོང་གི་ཀྱི་ཡོ་ཌོ་གསར་འགྱུར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན་ ཚོང་འབྲེལ་བློན་ཆེན་ཟུར་པ་ཧི་ར་ནུ་མཱ་ཁོང་ནས་ རྒྱ་ནག་གཞུང་གིས་བོད་ནང་བོད་མིར་དྲག་གནོན་གཏོང་རྒྱུ་མཚམས་འཇོག་དང་ རྒྱ་ནག་གི་དམག་དོན་ལས་གཞི་རྒྱ་བསྐྱེད་གཏོང་རྒྱུ་མཚམས་འཇོག་གནང་དགོས་པའི་ཐད་ དོན་འབྲས་ཤིག་མ་བྱུང་བ་ཡིན་ན་ སྲིད་བློན་མཆོག་ནས་རྒྱ་ནག་ལ་ཚུགས་རྒྱུའི་ཨོ་ལིམ་ཕིག་ཙེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་ཚོགས་ཞུགས་གནང་རྒྱུ་ཡོག་མ་རེད་ཅེས་གསུངས་ཀྱི་ཡོད་སྐོར་བཀོད་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎