ཉི་ཧོང་ནོ་བེལ་ཞི་བདེའི་གཟེངས་རྟགས་མཛད་སྒོར་ཞུགས་རྒྱུ།

ཉི་ཧོང་གི་སྐུ་ཚབ་ནོ་བེལ་གཟེངས་རྟགས་མཛད་སྒོར་ཞུགས་རྒྱུར་བརྟེན་ཉི་ཧོང་དང་རྒྱ་ནག་གི་འབྲེལ་ལམ་ལ་དོ་ཕོག་ཐེབས་སྲིད།

2010.11.17

༄༅༎ནོ་བེལ་ཞི་བདེའི་གཟེགས་རྟགས་ཚོགས་ཆུང་གིས་རྒྱ་རིགས་ཆབ་སྲིད་བཙོན་པ་ལིའུ་ཤའོ་ཕུའུ་ལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་ཉི་ཧོང་གི་གཞུང་འབྲེལ་སྐུ་ཚབ་ཆེད་གཏོང་གནང་རྒྱུ་ཡིན་པ་དང་ གནད་དོན་དེས་རྒྱལ་ཁབ་གཉིས་དབར་ཉེ་དུས་འཁོན་འཛིན་ཞི་འཇམ་དུ་གཏོང་བཞིན་པའི་ལས་དོན་ལ་དོ་ཕོག་ཐེབས་སྲིད་པའི་སྐོར་གནས་ཚུལ་ཐོན་འདུག

རིང་མིན་ཕྱི་ཟླ་༡༢པའི་ནང་ནོར་ལྦེའི་རྒྱལ་ས་ཨོ་སི་ལོ་རུ་ནོ་བེལ་ཞི་བདེའི་ཚོགས་ཆུང་གི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་གནང་གཏན་འཁེལ་ཡོད་པ་རེད་ འདི་ལོའི་ཞེ་བདེའི་གཟེངས་རྟགས་བཞེས་མཁན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་རྒྱ་ནག་གཞུང་གིས་དོ་དམ་བཙོན་མཇུག་བྱས་པར་བརྟེན་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་ཆེད་བཅར་ཞུ་རྒྱུ་ཁག་པོ་ཡིན་པ་མ་ཟད་ རྒྱ་ནག་གཞུང་གིས་ཉི་ཧོང་གཙོས་པའི་རྒྱལ་སྤྱིའི་ཡུལ་ཁག་ཚོར་ཞི་བདེ་གཟེངས་རྟགས་ཀྱི་མཛད་སྒོར་ཆེད་བཅར་མི་ཡོང་བའི་སྐུལ་ལྕགས་ཀྱང་བྱས་ཡོད་པ་རེད་ ཡིན་ན་ཡང་རྒྱ་ནག་གཞུང་གིས་འབོད་སྐུལ་དང་སྐུལ་ལྕགས་ལ་མ་སྟོས་པར་ཉི་ཧོང་གི་སྲིད་བློན་ན་ཨོ་ཏོ་ཀན་དང་གཞན་གཞུང་འབྲེལ་གནད་ཡོད་མི་སྣས་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོའི་སྐབས་ཉི་ཧོང་གི་སྐུ་ཚབ་ཆེད་གཏོང་གནང་རྒྱུ་ཡིན་པའི་སྐོར་དེ་སྔོན་གསལ་བརྡ་གནང་ཡོད་ལ་དེ་རིང་ཉི་ཧོང་སྲིད་བློན་གྱི་མགྲིན་ཚབ་པ་ཡོ་ཤི་ཏོ་སེན་གོ་ཀུ་ཡིས་ནོར་ལྦའི་ནང་རྟེན་གཞི་བྱས་པའི་ཉི་ཧོང་གི་གཞུང་ཚབ་ཆེན་མོ་བ་མཆོག་ནས་  རྒྱལ་ས་ཨོ་སི་ལོ་རུ་རྒྱ་རིགས་ལིའུ་ཤའོ་ཕུའུ་ལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་ཉི་ཧོང་རྒྱལ་ཁབ་ཀྱི་སྐུ་ཚབ་མཚོན་ཆེད་ ཆེད་བཅར་ཞུ་རྒྱུ་ཡིན་པའི་སྐོར་གསལ་འདོན་གནང་བཞག

དེ་སྔོན་ཕྱི་ཟླ་༩པའི་ནང་ཉི་ཧོང་གི་མཚོ་ཐོག་ཏུ་རྒྱ་ནག་གི་ཉ་པའི་གྲུ་གཟིངས་ཤིག་དང་ཉི་ཧོང་གི་གྲུ་གཟིངས་ཤིག་རྡུང་ཁ་རྒྱབ་སྟེ་རྒྱ་ནག་གི་གྲུ་དཔོན་དོ་དམ་འཛིན་བཟུང་བྱས་པའི་གནད་དོན་གྱིས་རྐྱེན་པས་ཉི་ཧོང་དང་རྒྱ་ནག་དབར་འཁོན་འཛིན་ཆེན་པོ་བྱུང་ཡོད་པ་རེད་ བདུན་ཕྲག་སྔོན་མ་ཉི་ཧོང་གི་སྲིད་བློན་ན་ཨོ་ཏོ་ཀན་མཆོག་ནས་ཞི་བདེའི་རྒྱ་མཚོའི་ཡུལ་ཁག་གི་ལྷན་ཚོགས་སྐབས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་ཟུར་མཇལ་གྱི་བཀའ་གྲོས་གནང་བ་བརྒྱུད་ཕྱོགས་ཕན་ཚུན་དབར་གྱི་འགལ་རྩོད་ཕྲན་བུའི་ཞི་འཇམ་དུ་སོང་བའི་རྣམ་པ་བསྐྲུན་ཡོད་ནའང་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་ཉི་ཧོང་གི་སྐུ་ཚབ་ཆེད་གཏོང་གནང་རྒྱུའི་ཐག་གཅོད་དེས་རྒྱལ་ཁབ་གཉིས་དབར་འཁོན་འཛིན་སླར་ཡང་ཆེ་རུ་འགྲོ་སྲིད་པའི་སྐོར་མང་པོས་དཔྱད་ཞིབ་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎