ཉི་ཧོང་ནང་༢༠༡༠ལོའི་མི་འབོར་འཕེལ་རྒྱས་ཀྱི་ཚད་གཞིའི་སྐོར།

༢༠༡༠འི་ནང་གི་ཉེ་ཧོང་གི་མི་འབོར་འཕེལ་རྒྱས་ཀྱི་ཚད་གཞི་དེ་དམག་ཆེན་གཉིས་པ་མཇུག་བསྒྲིལ་བའི་རྗེས་ཀྱི་དམའ་ཤོས་དེ་ཆགས་ཡོད་པ།

2011.01.01

༄༅༎ཕྱི་ལོ་༢༠༡༠འི་ནང་གི་ཉེ་ཧོང་གི་མི་འབོར་འཕེལ་རྒྱས་ཀྱི་ཚད་གཞི་དེ་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་བའི་རྗེས་ཀྱི་དམའ་ཤོས་དེ་ཆགས་ཡོད་པ་ཉེ་ཧོང་གཞུང་གིས་གཟའ་སྤེན་པའི་ཉིན་གསལ་བསྒྲགས་བྱས་འདུག།

སྤྱིར་བཏང་ཉེ་ཧོང་གི་མི་ཚོ་ཆ་སྙོམས་ཀྱི་ཐོག་ནས་འཛམ་གླིང་ནང་གི་ཚེ་རིང་ཤོས་སུ་སྡོད་མཁན་གྲས་སུ་ངོས་འཛིན་བྱེད་བཞིན་ཡོད་ན་ཡང་ མི་འབོར་འཕེལ་རྒྱས་ཀྱི་ཚད་གཞི་ལོ་ནས་ལོ་བསྟུད་དམའ་པོར་གནས་བཞིན་པའི་རྐྱེན་གྱིས་ ཉེ་ཧོང་འདི་ལོ་ན་རྒས་པའི་མི་འབོར་འཕེལ་རྒྱས་ཧ་ཅང་མགྱོགས་པོ་འགྲོ་བཞིན་པའི་ཡུལ་གྲུ་ཞིག་ཏུ་གྱུར་བཞིན་ཡོད་པ་རེད།

གཟའ་སྤེན་པའི་ཉིན་ཉེ་ཧོང་གཞུང་གི་བདེ་དོན་ལས་ཁང་གིས་མི་འབོར་འཕེལ་རྒྱས་ཀྱི་གནས་སྟངས་སྐོར་གྱི་ལོ་འཁོར་གྱི་སྙན་ཐོ་བཏོན་པ་དེའི་ནང་ ཕྱི་ལོ་༢༠༡༠ལོར་ཉེ་ཧོང་གི་ཡུལ་མི་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་དེ་ས་ཡ་གཅིག་དང་འབུམ་གཉིས་མ་ཟིན་ཙམ་ཡིན་པ་དང་ དེ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ལོ་གཅིག་གི་ནང་ཉེ་ཧོང་གི་ཡུལ་མི་འདས་གྲོངས་སུ་ཕྱིན་པའི་གྲངས་ཚད་ཐོ་ཤོས་དེ་ཆགས་ཀྱི་ཡོད་འདུག ཡང་དེ་དང་བསྡུར་ན་༢༠༡༠འི་ནང་གི་ཕྲུ་གུ་སྐྱེས་ཚད་དེ་ལོ་བཞིའི་ནང་གི་གནས་སྟངས་དང་འགྱུར་བ་ཆེན་པོ་མ་ཕྱིན་པར་ ས་ཡ་གཅིག་ལྷག་ཙམ་ཐོག་གནས་ཡོད་པར་བརྟེན་ གོང་གི་གྲངས་ཀ་དེ་གཉིས་བསྡུར་ཚེ་༢༠༡༠ལོ་དེའི་ནང་ཉེ་ཧོང་གི་མི་འབོར་ཆིག་འབུམ་ཉི་ཁྲི་ཙམ་གྱི་ཉུང་དུ་ཕྱིན་ཡོད་པ་མཚོན་ཐུབ་རྒྱུ་ཡིན་པ་རེད།

ད་ཆ་ཉེ་ཧོང་གི་ནང་ལོ་ན་༦༥བརྒལ་བའི་མི་འབོར་གྱི་གྲངས་ཚད་དེ་ཉེ་ཧོང་མི་སེར་གྱི་རྩ་འབོར་གྱི་བརྒྱ་ཆ་ཉི་ཤུ་རྩ་ལྔ་ཙམ་ཟིན་གྱི་ཡོད་པ་དང་ ཉེ་ཧོང་གཞུང་གི་ཚོད་དཔག་བྱས་པར་གཞིགས་ན་ ཕྱི་ལོ་༢༠༥༠ཚུན་ཆད་གྲངས་ཚད་དེ་བརྒྱ་ཆ་བཞི་བཅུ་ཙམ་ཟིན་རྒྱུ་ཡིན་འདུག

ཕྱི་དངོས་པོའི་ཡར་རྒྱས་ཆེན་པོ་ཕྱིན་པའི་ཡུལ་གྲུ་གཞན་གྱི་ནང་ལ་ཡང་བྱུང་བཞིན་པ་ལྟར་ཉེ་ཧོང་གི་གཞོན་སྐྱེས་མི་སེར་ཚོས་སོ་སོའི་ལས་ཀ་དང་འཚོ་བའི་གནས་སྟངས་ཀྱི་ཐོག་ནས་ཆང་ས་རྒྱག་མཁན་ཉུང་དུ་འགྲོ་གི་ཡོད་འདུག ཉེ་ཧོང་གི་མི་འབོར་ནི་ས་ཡ་བརྒྱ་དང་ཉི་ཤུ་རྩ་ལྔ་ཙམ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎