བྱང་ཀོ་རི་ཡས་རྡུལ་ཕྲན་ཉིང་ཁུ་བཟོ་བར་སྐྱོན་བརྗོད།

ཉི་ཧོང་གིས་ཉེ་ཆར་བྱང་ཀོ་རི་ཡས་རྡུལ་ཕྲན་གྱི་ཉིང་ཁུ་བཟོ་རྒྱུའི་ནུས་སྟོབས་ཡོད་པའི་གཏམ་བཤད་དེར་སྐྱོན་བརྗོད་དྲག་པོ་གནང་ཡོད་པ་རེད་

2010.11.22

༄༅༎ཉི་ཧོང་གིས་ཉེ་ཆར་བྱང་ཀོ་རི་ཡས་རྡུལ་ཕྲན་གྱི་ཉིང་ཁུ་བཟོ་རྒྱུའི་ནུས་སྟོབས་ཡོད་པའི་གཏམ་བཤད་དེ་ངོས་ལེན་གནང་ཐབས་བྲལ་བའི་གནས་ཚུལ་ཞིག་ཡིན་པའི་སྐྱོན་བརྗོད་དྲག་པོ་གནང་ཡོད་པ་རེད་

དེ་ཡང་ཉི་ཧོང་གི་བློན་ཆེན་ལྷན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་ཡོ་ཤི་ཀྲོ་སེན་གོ་ཀུ་ཡིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཉི་ཧོང་གི་སྲུང་སྐྱོབ་དང་མངའ་ཁུལ་གྱི་ཞི་བདེ་ལྷིང་འཇགས་ཐོག་ནས་བྱང་ཀོ་རི་ཡས་རྡུལ་ཕྲན་ནུས་ཤུགས་བཟོ་བསྐྲུན་བྱེད་པ་དེ་མཐའ་གཅིག་ཏུ་ངོས་ལེན་གནང་ཐབས་བྲལ་སྐོར་གསུང་འདུག ཁོང་གིས་ང་ཚོས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་རྒྱ་ནག་བཅས་པར་འབྲེལ་ལམ་གནང་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་བཟོ་རྒྱུའི་འཆར་གཞི་དེ་མཚམས་འཇོག་ཡོང་རྒྱུར་འབད་བརྩོན་མུ་མཐུད་གནང་གི་ཡིན་ཞེས་གསུང་འདུག            གོང་ཞུས་ཉི་ཧོང་གི་བློན་ཆེན་ལྷན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་སེན་གོ་ཀུ་ཡིས་གསུང་པའི་བཀའ་མོལ་དེ་བདུན་སྔོན་མའི་གཟའ་མཇུག་ནང་ཨ་རིའི་ཚན་རིག་པ་སྐུ་ཞབས་སིག་ཕིརིདྲ་ཧེ་ཀར་ཡིས་བྱང་ཀོ་རི་ཡས་རྡུལ་ཕྲན་གོ་མཚོན་བཟོ་གི་ཡོད་པའི་བཀའ་མོལ་གསུང་རྗེས་གསུང་པ་ཞིག་ཆགས་ཀྱི་ཡོད་པ་རེད་ སྐུ་ཞབས་ཧེ་ཀར་ཡིས་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་གྱི་འཁྲུལ་རིག་དེ་ཕྱི་ཟླ་༡༡པའི་ཚེས་༡༢ཉིན་གཟིགས་ཡོད་པ་དང་ཁོང་གིས་གོང་ཞུས་ཀྱི་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་གྱི་ལས་འཆར་དེར་ཧང་སང་བ་ཞིག་གཟིགས་སྐོར་གསུང་འདུག           ཁོང་ཨ་རིའི་ཀེ་ལི་ཕོ་ནི་ཡ་མངའ་སྡེའི་ནང་ཡོད་པའི་སི་ཀྲེན་ཕོདྲ་གཙུག་ལག་སློབ་གཉེར་ཁང་གི་ཚན་རིག་གི་སློབ་དཔོན་ཞིག་ཡིན་པ་རེད་            ཡང་ཨ་མི་རི་ཀའི་གཞུང་གི་བྱང་ཀོ་རི་ཡའི་དམིགས་བསལ་སྐུ་ཚབ་སྐུ་ཞབས་སི་ཀྲི་ལྦེན་སྦོསི་ལྦོཐ་ཡིས་གོང་ཞུས་ཀྱི་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་འཕར་མ་བཟོ་བའི་གནས་ཚུལ་དེ་ཡག་པོ་ཞིག་རྩ་བ་ནས་མིན་པ་དང་དེ་ཟིང་སློང་ཞིག་ལས་ཛ་དྲག་པའི་གནས་ཚུལ་ཞིག་མིན་སྐོར་གསུང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎