ཐོན་དཀའ་བའི་གཏེར་དངོས་ཚོང་བསྒྱུར་གྱི་དཀའ་རྙོག།

རྒྱ་ནག་དང་ཉི་ཧོང་བར་ཧ་ཅང་གི་ཐོན་དཀའ་བའི་གཏེར་དངོས་ཁག་ཚོང་བསྒྱུར་ཐད་དཀའ་རྙོག་བྱུང་བ་དེས་དོག་ཟོན་བྱེད་དགོས་ཆགས།

2010.10.04

༄༅༎རྒྱ་ནག་དང་ཉི་ཧོང་བར་ཧ་ཅང་གི་ཐོན་དཀའ་བའི་གཏེར་དངོས་ཁག་ཚོང་བསྒྱུར་ཐད་དཀའ་རྙོག་བྱུང་བ་དེས་དཆ་འཛམ་གླིང་གི་རྒྱལ་ཁབ་གཞན་ཁག་གིས་དེར་དོག་ཟོན་བྱེད་དགོས་པའི་གནས་སྟངས་ཤིག་བཟོས་ཡོད་པ་རེད་

འཛམ་གླིང་གི་རྒྱལ་ཁབ་གཞན་བཞིན་ཉི་ཧོང་གིས་རྒྱ་ནག་ནས་ཧ་ཅང་གི་ཐོན་དཀའ་བའི་གཏེར་དངོས་དེ་དག་ཆ་ཚང་རྟེན་དགོས་ཆགས་ཡོད་ཅིང་ འཛམ་གླིང་ནང་གི་གཏེར་དོངས་དེ་དག་གི་ཐོན་ཁོངས་བརྒྱ་ཆ་༩༧རྒྱ་ནག་གི་བདག་དབང་དུ་ཡོད་པ་རེད་

གོང་ཞུས་ཧང་ཅང་གི་ཐོན་དཀའ་བའི་གཏེར་དངོས་དེ་དག་མོ་ཀྲ་དང་གཟུགས་མཐོང་རླུང་འཕྲིན་དང་ལག་ཐོགས་ཁ་དཔར་སོགས་ལ་དགོས་ངེས་ཅན་གྱི་དངོས་པོ་ཞིག་ཆགས་ཡོད་པ་རེད་

ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གསར་པ་སྐུ་ཞབས་སེ་ཇི་མའེ་ཧེ་ར་ཡིས་འཛམ་གླིང་གི་རྒྱལ་ཁབ་ཁག་ཅིག་གིས་ཧ་ཅང་གི་ཐོན་དཀའ་བའི་གཏེར་དངོས་དེ་དག་མཁོ་སྒྲུབ་ཆེད་ལས་དོན་སྤེལ་འགོ་ཚུགས་འདུག

ཉེ་ཆར་རྒྱ་ནག་དང་གནས་ཚུལ་བྱུང་བ་དེས་རྒྱལ་ཁབ་སོ་སོས་ཛ་དྲག་ཐོག་གཏེར་དངོས་དེ་དག་མཁོ་སྒྲུབ་ཆེད་ཕྱི་འབྲེལ་གྱི་ལས་དོན་སྤེལ་འགོ་འཚུགས་པ་དེ་ཡག་པོ་རེད་བསམ་གྱི་འདུག་ཅེས་གསུང་འདུག

བདུན་སྔོན་མའི་རེས་གཟའ་པ་སངས་ཉིན་ཉི་ཧོང་གཞུང་གིས་ཡུལ་གྱི་བཟོ་གྲ་ཁག་ལ་གཏེར་དངོས་དེ་དག་འདེང་ངེས་མཁོ་སྒྲུབ་ཆེད་ཞིབ་ཆའི་འཆར་གཞི་གསར་པ་ཞིག་བཀོད་སྒྲིག་གནང་ཡོད་པ་རེད་

གོང་ཞུས་འཆར་གཞི་དེའི་ནང་གཏེར་དངོས་དེ་དག་མཁོ་སྒྲུབ་བྱེད་ཕྱོགས་གསར་པ་དང་གཏེར་དངོས་དེ་དག་བསྐྱར་དུ་བེད་སྤྱོད་གཏོང་ཐུབ་པ་དང་གཏེར་དངོས་དེ་དག་རྟེན་རྒྱུ་དེ་ཉུང་དུ་གཏོང་རྒྱུ་སོགས་ཡིན་པ་རེད་

ཡང་ཁ་ཉིན་རེས་གཟའ་སྤེན་པ་ཉིན་ཉི་ཧོང་གི་སྲིད་བློན་ན་ཨོ་ཏོ་ཀན་མཆོག་དང་སོག་པོའི་སྲིད་བློན་སུཀ་སྦ་ཏར་སྦེཏ་སྦོདྲ་རྣམ་གཉིས་ཀྱིས་ཆིང་དོན་ཞིག་བཞག་གནང་ནས་སོག་ཡུལ་ནང་གོང་ཞུས་ཀྱི་གཏེར་དངོས་དེ་དག་བསྔོག་འདོན་གྱི་ལས་འཆར་ཞིག་ལ་ས་རྟག་བཀོད་གནང་ཡོད་པ་རེད་

ལྷོ་ཀོ་རི་ཡའི་Samsung Electronicsདང་LG Electronicsཞེས་པའི་རྒྱལ་སྤྱིའི་ཁེ་གཉེར་ལས་ཁང་དེ་གཉིས་ཀྱིས་གཏེར་དངོས་དེ་དག་མཁོ་སྒྲུབ་ཆེད་ལས་དོན་གསར་པ་སྤེལ་བཞིན་ཡོད་པ་རེད་

དེ་བཞིན་བདུན་སྔོན་མ་དེར་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ནང་གོང་ཞུས་ཀྱི་གཏེར་དངོས་ཐོག་ཉན་ཞིབ་གནང་བའི་ནང་ཨ་མི་རི་ཀས་དེའི་ཐོག་བློ་ཚབ་སྐྱེས་གཞིའི་གནས་ཚུལ་ཡོད་པ་མངོན་གསལ་ཆགས་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎